34931

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་དམ་ཆོས་ཡར་འཕེལ་ (1)
Part of speech མིང་ཚིག
Definition འཁྲུངས་པའི་ལོ་ཚིགས་མི་གསལ། ལ་སྟོད་བྱང་དུ་འཁྲུངས། དེའི་དབོན་བརྒྱུད་ད་ལྟ་ཡང་ཡོད་པར་གྲགས། པཎ་ཆེན་བློ་གྲོས་ལེགས་བཟང་ལས་ཁ་ཆེ་པཎ་ཆེན་བརྒྱུད་ཀྱི་བསྙེན་པར་རྫོགས། བསམ་འགྲུབ་དགའ་ལྡན། རྒྱལ་ཆེན་རྩེ། ཤངས་ཡོལ་དཀར། ཤར་རྩེ་གྲྭ་ཚང་སོགས་ཀྱི་མཁན་པོ་མཛད། བླ་ཆེན་དང་། པཎ་ཆེན་ལུགས་ཀྱི་སྡོམ་རྒྱུན་གཅིག་ཏུ་སྡུད་ཕྱིར་རྒྱལ་བ་བསོད་ནམས་རྒྱ་མཚོ་ལས་བླ་ཆེན་པོའི་སྡོམ་རྒྱུན་བཞེས། འདི་ནས་བཟུང་དགེ་སློང་གི་སྡོམ་རྒྱུན་བླ་པཎ་སྡོམ་རྒྱུན་ཆུ་བོ་གཅིག་འདྲེས་བྱུང་། བཀྲ་ཤིས་ལྷུན་པོའི་ཁྲི་པ་བཅུ་བཞི་པ་ཡིན། འདས་ལོ་མི་གསལ།