34935
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་འགྲེལ་བ་རྣམ་བཤད་སྙིང་པོ་རྒྱན་གྱི་དོན་ལེགས་པར་བཤད་པ་ཡུམ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི། དགའ་ལྡན་ཁྲི་ཆེན་བཅོ་ལྔ་པ་རྩོད་དུས་ཀྱི་མ་ཧཱ་པཎྜི་ཏ་མཁས་ཤིང་གྲུབ་པའི་དབང་ཕྱུག་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ཕྱི་ལོ་ ༡༥༢༥ ཤིང་མོ་བྱ་ཡི་ལོ་དགུང་གྲངས་ཞེ་བདུན་བཞེས་པའི་སྐབས་གསུང་རྩོམ་མཛད་པ་ཡིན་ལ། འགྲེལ་པ་འདིས་རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་བཤད་སྙིང་པོ་རྒྱན་གྱི་གཞུང་གི་ཚིག་དོན་གཉིས་ཀྱི་ཆ་གཙོ་བོར་འགྲེལ་ཞིང། དེ་ཡང་རྒྱ་འགྲེལ་ཉེར་གཅིག་གི་གཞུང་གི་ཆ་བླངས་ཤིང་སློབ་དཔོན་སེང་གེ་བཟང་པོའི་ལུང་ཁུངས་གཙོ་བོར་བཟུང་ནས་དངོས་སྟོབས་ཀྱི་རིགས་པའི་མཐའ་རྒྱན་ཏེ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་གསལ་བྱེད་ཀྱི་རྒྱན་དུ་གྱུར་པ་ལྟ་བུའི་ཁྱད་ཆོས་ལྡན་ཡོད། བརྗོད་བྱ་བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པའི་དོན་ཡོངས་སུ་རྫོགས་པ་ཚང་ཞིང། རྗོད་བྱེད་ཚིག་གི་ཆ་ལ་དེབ་གཟུགས་ཐིག་ཕྲེང་བཅུ་དགུ་ཅན་ཤོག་ངོས་བཞི་བརྒྱ་དགུ་བཅུ་གོ་བཞི་བཞུགས་ཤིང། སྡེབ་སྦྱོར་ལེགས་ཤིང་ཁ་གསལ་ལ་གོ་བདེ་བ། གཞུང་གི་དོན་ཁོལ་ཕྱུང་ལྟ་བུ་མ་ཡིན་པར་གོ་རིམ་མཐར་ཆགས་སུ་འགྲེལ་པས་ལེགས་བཤད་འདི་བློ་གསལ་དོན་གཉེར་ཅན་རྣམས་ལ་གཟིགས་དཔེར་སྟབས་བདེ་ཕུལ་དུ་བྱུང་བ་ཞིག་ཡིན་ནོ། ། |