34936
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་འགྲེལ་བ་རྣམ་བཤད་སྙིང་པོ་རྒྱན་གྱི་དགོངས་འགྲེལ་རྣམ་བཤད་ཚིག་དོན་རབ་གསལ་ཞེས་བྱ་འདི་ནི། དགའ་ལྡན་ཁྲི་ཆེན་བཅོ་ལྔ་པ་རྩོད་དུས་ཀྱི་མ་ཧཱ་པཎྜི་ཏ་མཁས་ཤིང་གྲུབ་པའི་དབང་ཕྱུག་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ཕྱི་ལོ་ ༡༥༤༧ མེ་མོ་ལུག་གི་ལོ་དགུང་གྲངས་དྲུག་ཅུ་རེ་དགུ་བཞེས་པའི་སྐབས་གསུང་རྩོམ་མཛད་པ་ཡིན་ལ། འགྲེལ་པ་འདིས་གཙོ་བོ་རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་བཤད་སྙིང་པོ་རྒྱན་གྱི་གཞུང་གི་ཚིག་དོན་གཉིས་ཀྱི་ནང་ནས་ཚིག་འགྲེལ་གཙོ་བོར་གསུངས་ཤིང། དེ་ཡང་ལུང་རིགས་ཀྱིས་མཐའ་དཔྱད་པའི་སྤྲོས་པ་རྒྱ་ཆེར་མ་མཛད་པར་མངོན་རྟོགས་རྒྱན་གྱིས་ཇི་སྐད་བསྟན་པའི་མངོན་རྟོགས་ཀྱི་རིགས་ཡོངས་སུ་རྫོགས་པ་ལ་འགྲེལ་བཤད་དཔྱིས་ཕྱིན་པ་གནང་ཡོད་ལ། བརྗོད་བྱ་མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་ཀྱི་དོན་ཡོངས་སུ་རྫོགས་པ་ཚང་ཞིང། རྗོད་བྱེད་ཚིག་གི་ཆ་ལ་དེབ་གཟུགས་ཐིག་ཕྲེང་བཅུ་དགུ་ཅན་ཤོག་ངོས་སུམ་བརྒྱ་བརྒྱད་ཅུ་ཙམ་བཞུགས་ལ། སྡེབ་སྦྱོར་སྙན་ཞིང་གཞུང་དོན་ཁ་གསལ་ཞིང་གོ་བདེ་བས་བློ་གསལ་དོན་གཉེར་ཅན་རྣམས་ཀྱི་གཟིགས་དཔེ་སྟབས་བདེ་ཕུལ་དུ་བྱུང་བ་ཞིག་ཡིན་ནོ། ། |