34937
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དྲུག་པའི་དཀྱིལ་དུ་བྱང་ཀྲེ་བའི་རིགས་སུ་འཁྲུངས། གཞོན་དུས་ནས་བཀྲ་ཤིས་ལྷུན་པོའི་ཐོས་བསམ་གླིང་གི་ཆོས་སྒོར་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད། དབུས་སུ་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་བསྟེན། ཕར་ཕྱིན་དང་། ཚད་མའི་ལེགས་པར་སྦྱངས། བྱང་པ་རབ་འབྱམས་པ་ཞེས་ཐུགས་རྒྱུད་འབྱོངས་པའི་ཚད་དུ་བྱེད། ངམ་རིང་སྤང་འབུལ་གྲྭ་ཚང་གི་འཆད་ཉན་པ་མཛད། སེར་བྱེས་གྲྭ་ཚང་གི་བླ་མ་མཛད། རྒྱལ་བ་བསོད་ནམས་རྒྱ་མཚོས་སེར་རའི་ཁྲི་པར་བཞུགས་དགོས་གསུངས་ཀྱང་དགོངས་ཞུ་མཛད། གསུང་རྩོམ་ནི་འདུལ་བའི་སྡེ་སྣོད་མཐའ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བར་བྱེད་པའི་ལེགས་བཤད་བསྐལ་བཟང་ནོར་བུའི་ཕྲེང་བ་དང་། གཞི་སྟོད་ཀྱི་སྨད་ཆ། མཛོད་ཀྱི་སྤྱི་དོན། ཕར་ཕྱིན་སྤྱི་དོན། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་དངོས་གྲུབ་ཀྱི་ཆར་འབེབས་བཅས་པོད་གཅིག་བཞུགས། |