34938

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་བཟང་པོ་བཀྲ་ཤིས་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ལྕགས་སྟག་ཕྱི་ལོ ༡༤༡༠ ལོར་ལ་སྟོད་བྱང་དུ་རབ་མེས་སྔགས་རིགས་སུ་འཁྲུངས། རྗེ་ཤེས་རབ་སེང་གེ་དང་། རྒྱལ་བ་དགེ་འདུན་གྲུབ་པ། འདུལ་འཛིན་བློ་གྲོས་སྦས་པ། ཆོས་རྗེ་བློ་གྲོས་ཆོས་སྐྱོང་། དྭགས་པོ་ཀུན་བཀྲས་པ། ཆོས་རྗེ་ཚུལ་ཁྲིམས་རྒྱལ་བ། འཕགས་འོད་པ་བཅས་མཁས་པ་མང་པོར་བསྟེན། མདོ་སྔགས་ཀྱི་གདམས་ངག་མང་དུ་གསན། ས་དགེ་རྙིང་གསུམ་གྱི་གསང་སྔགས་ལ་མ་མཁྱེན་པ་མེད། གངས་ཅན་ཆོས་འཕེལ་གྱི་དགོན་པ་བཏབ། འཆད་མཉན་སྤེལ། རེ་བདུན་པར་བཀྲ་ཤིས་ལྷུན་པོར་ཕེབས། རྒྱལ་བ་དགེ་འདུན་གྲུབ་པའི་སྐུ་གདུང་ཞལ་ཆེམས་དང་མཐུན་པར་དངུལ་གྱི་གདུང་ཁང་ངོ་མཚར་བ་ཞིག་བཞེངས། སྒྲོལ་དཀར་ལྷ་ཁང་གི་སྟེང་དུ་མཆོད་ཁང་ལོགས་སུ་གསར་བཞེངས་མཛད། རབ་བྱུང་བརྒྱད་པའི་ས་ཁྱི་ཕྱི་ལོ ༡༤༧༨ ལོར་སྐུ་གཤེགས། བཀྲ་ཤིས་ལྷུན་པོའི་ཁྲི་པ་གཉིས་པ་ཡིན། གསུང་རྩོམ་ནི་སྒྲུབ་ཐབས་དང་། གདམས་པའི་སྐོར་ལ་རབ་ཏུ་བྱེད་པ་བརྒྱ་ལྷག་ཙམ་གྱི་བསྟན་བཅོས་བཅས་བརྩམས།