34942
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤངས་བྱེད་མདོའི་ཞལ་ངོར་འཁྲུངས། འཁྲུངས་ལོ་མི་གསལ། ཀུན་མཁྱེན་ལེགས་པ་དོན་གྲུབ་ལས་མདོ་སྔགས་མ་ལུས་པར་གསན། དཔལ་འཁོར་ཆོས་སྡེར་རབ་འབྱམས་གྲྭ་སྐོར་མཛད། མཁས་པའི་སྙན་གྲགས་ཆེ། རྒྱང་རོ་ལྷ་ཁང་གི་བླ་མ་ཡུན་རིང་མཛད། ཤར་རྩེ་གྲྭ་ཚང་གི་མཁན་པོ་མཛད། ཀུན་མཁྱེན་པའི་ཡིག་ཆ་དང་མི་མཐུན་པ་གཞན་འཆང་ས་མེད་པའི་སྲོལ་བཙུགས། འདས་ལོ་མི་གསལ། བཀྲ་ཤིས་ལྷུན་པོའི་ཁྲི་པ་དགུ་པ་ཡིན། གསུང་རྩོམ་ནི་ཀུན་མཁྱེན་དམ་པའི་ཡིག་ཆའི་ཟུར་འདེབས། འདུལ་བའི་སྤྱི་དོན་རིན་ཆེན་ཕྲེང་བ་གསལ་བར་བྱེད་པའི་སྒྲོན་མེ། མཛོད་ཀྱི་རྣམ་བཤད་མཁས་པའི་ཡིད་འཕྲོག དབུ་མའི་སྤྱི་དོན་དགོངས་པ་རབ་རྒྱན། ཕར་ཕྱིན་སྤྱི་དོན་དགོངས་པ་གསལ་བའི་མེ་ལོང་། ཀུན་མཁྱེན་ཆེན་པོའི་དགོངས་པ་བཞིན་པོ་ཏི་བཞིའི་གཞུང་འགྲེལ། དེ་མིན་སྔགས་ཕྱོགས་ཀྱི་རིམ་གཉིས་དང་། རྒྱུད་འགྲེལ་སོགས་ཀྱི་ལེགས་བཤད་མང་དུ་བཞུགས། |