34945

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ས་རྟ་ཕྱི་ལོ ༡༧༣༨ ལོར་གཙང་གི་ཤངས་གྲམ་བཀྲ་ཤིས་རྩེའི་ཡུལ་དུ་ཡབ་ཐང་ལྷ་དང་། ཡུམ་ཉི་ཟླ་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ཕྱི་ལོ ༡༧༨༠ ལོར་རྒྱ་ནག་པེ་ཅིན་དུ་སྐུ་གཤེགས། དགུང་ལོ་ལྔ་བར་རྒྱལ་བ་བསྐལ་བཟང་རྒྱ་མཚོས་པཎ་ཆེན་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ངོས་བཟུང་། མཚན་ལ་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་གསོལ། བདུན་པར་ཡོངས་འཛིན་བློ་བཟང་བཟོད་པ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། བཅོ་ལྔ་པར་དབུས་སུ་ཕེབས། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་མདུན་ནས་དུས་འཁོར་དང་། རྡོར་ཕྲེང་། མི་ཊ་བརྒྱ་རྩ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ། སྒྲུབ་ཐབས་རྒྱ་མཚོ་སོགས་ཀྱི་རྗེས་གནང་གསན། ཉི་ཤུ་པར་ཡོངས་འཛིན་དཀྱིལ་ཁང་བ་བློ་བཟང་ཆོས་འཕེལ་ལས་བསྙེན་པར་རྫོགས། ཉེར་གཉིས་པར་རྒྱལ་པ་འཇམ་དཔལ་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པ་གནང་། ཉེར་དགུ་པར་གོང་མ་ཆན་ལུང་གིས་གསེར་སམ་འཇའ་ས་ཐམ་ཀ་སོགས་ཕུལ། ཞེ་གཅིག་པར་གོང་མ་ཆན་ལུང་གིས་དྲངས་པ་ལྟར་པེ་ཅིན་ཕེབས། ཞེ་གཉིས་པར་ཕྱི་ལོ ༡༧༨༠ ལོའི་ཟླ་བ་བདུན་པའི་ཚེས་ཉེར་གཅིག་ཉིན་ཁྲི་འདུར་གོང་མ་ཆན་ལུང་མཇལ། པཎ་ཆེན་སྐུ་ཕྲེང་དྲུག་པ་ཡིན། གསུང་རྩོམ་ནི་རྣམ་ཐར། དཀར་ཆག བཅའ་ཡིག རྣམ་བཤད། གསོལ་འདེབས། གསན་བསྟོད། ཆབ་ཤོག་བཅས་པོ་ཏི་དགུ་བཞུགས།