34949
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁམས་དཔའ་ཤོད་ཚ་བ་སྒང་དུ་ཡབ་བྱ་རིགས་སྟོབས་རྒྱལ་དང་ཡུམ་དམར་བཟའ་བོ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་ ༡༦ པའི་ས་ཡོས་ ༡༩༣༩ ལོར་སྐུ་འཁྲུངས། སྒོ་མང་ཁལ་ཁ་དགེ་བཤེས་སྐལ་བཟང་ཆོས་གྲགས་མདུན་ནས་གཙུག་ཕུད་ཕུལ། མཚན་བསྐལ་བཟང་ཆོས་ཀྱི་དབང་ཕྱུག་བཏགས། དགོངས་ལོ་བཅུ་གཉིས་ཙམ་ལྷ་སར་ཕེབས། ཧར་གདོང་དགེ་བཤེས་ངག་དབང་ཐར་འདོད་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་མོར་སློབ་གཉེར་གནང་། དུས་འགྱུར་སྐབས་རྒྱ་གར་ལ་བྲོས་བྱོལ་དུ་འབྱོར། རྡ་སར་གོང་ས་མཆོག་ལ་མཇལ་ཁ་དང་བཞུགས་སྒར་དུ་བླ་སྤྲུལ་དགེ་བཤེས་ཀྱི་སློབ་གྲྭ་ཞིག་བཙུགས་པ་དེའི་ནང་དུ་ཞུགས་ཏེ་སུམ་རྟགས་སྙན་ངག་སྦྱང་། ༡༩༦༠ གཞུང་ནས་ཝ་ར་ཎ་སིར་སཾ་སྐྲྀ་ཏའི་སློབ་གྲྭར་བཏང་བ་བཞིན་ཨ་ཙརྱ་བཅས་ཀྱི་ལག་ཁྱེར་ཐོབ། ༡༩༦༢ ལོར་གོང་ས་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཝར་ན་མཐོ་སློབ་གསར་འཛུགས་སྐབས་ཆོས་དོན་ལས་ཁུངས་ཀྱི་སྐུ་ཚབ་ལ་ལོ་ཤས་བཞུགས། དགེ་ལུགས་རྒྱུགས་སྤྲོད་ཀྱི་ལས་རིམ་འཆར་འགོད་གནང་། སྒོ་མང་གྲྭ་ཚང་དུ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། རྒྱུད་སྨད་དུ་ཞུགས་ཏེ་སྔགས་ཕྱོགས་ལ་སློབ་གཉེར་གནང་བ་དང་རྒྱུད་སྨད་དགེ་བསྐོས་ཀྱང་གནང་། ༡༩༨༧ ལོ་ནས་བཟུང་ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་ལ་ཕེབས་ཏེ་བསྟན་འགྲོའི་དོན་དོན་རྒྱ་ཆེར་མཛད་བཞིན་པ་བཅས་སོ། ། |