3495

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁང་པ་དང་ཁང་ཆེན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྐབས་འདིར་དགེ་འདུན་ལྷག་མའི་སྐབས་ཀྱི་ཁང་པ་དང་ཁང་ཆེན་གྱི་ལྟུང་བ་འབྱུང་བའི་གཞི་ཞིག་ལ་ཁང་པ་དང་ཁང་ཆེན་ཟེར། དེ་གཉིས་ཀྱི་ཁྱད་པར་ནི། པཎ་ཆེན་འདུལ་བ་ལས། རང་ལུགས་ལ། དགེ་འདུན་ལྷག་མ་སྐྱེད་པའི་གཞིར་གྱུར་པའི་ཁང་པ་ཁང་ཆེན་གཉིས་ཁྱད་པར་ཡོད་དེ། སྔ་མ་ལ་དཀོན་མཆོག་ལས་གཞན་གྱི་དོན་དུ་བརྩིགས་པ་དགོས། ཕྱི་མ་ལ་དཀོན་མཆོག་གི་དོན་དུ་བརྩིགས་པ་དགོས་པའི་ཕྱིར་དང་། ས་གཞི་དང་ཡོ་བྱད་བརྩལ་བ་དགོས་མི་དགོས་དང་། ཚད་ལས་ལྷག་པ་དགོས་མི་དགོས་ཀྱི་ཁྱད་པར་ཡང་ཡོད་པའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ཁང་པ་བརྩིགས་པ་ལས་དགེ་འདུན་ལྷག་མ་འདི་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པ་དང་། རྩོད་པ་རྒྱས་པ་དང་། དོན་དང་བྱ་བ་མང་པའོ། །ཞེས་གསུངས།
Domain ཆོས་ལུགས།