34950
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བདུན་པའི་ཆུ་གླང་ཕྱི་ལོ ༡༤༣༣ ལོར་སྲད་ཀྱི་ཡུལ་དུ་འཁྲུངས། འདས་ལོ་མི་གསལ། མཁར་ཆེན་བྲག་ཏུ་རབ་ཏུ་བྱུང་། གཞོན་དུས་ནས་སྔགས་ཀྱི་ཕྱག་ལེན་མཁས་པར་མཁྱེན། བཀྲ་ཤིས་ལྷུན་པོར་ཕེབས། རྗེ་དགེ་འདུན་གྲུབ་པ་དང་། དྲི་མེད་བཤེས་གཉེན་ཟུང་བླ་མར་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ས་སྐྱ་དང་། སྣར་ཐང་སོགས་སུ་པོ་ཏི་མང་པོའི་གྲྭ་སྐོར་མཛད། པཎ་ཆེན་བཟང་པོ་བཀྲ་ཤིས་ལས་གསང་སྔགས་ཀྱི་དབང་ལུང་སོགས་རྒྱ་ཆེར་གསན། དབུས་སུ་རྒྱུད་སྡེ་འཛིན་པ་སྦྱིན་པ་དཔལ་བ་དང་། ཆོས་རྗེ་བ་སོ་བ་ལས་སྔགས་ཀྱི་གདམས་པ་མང་པོར་གསན། གཙང་དུ་རྗེ་དགེ་འདུན་གྲུབ་ལས་སྒྲ་དང་། སྙན་ངག་མེ་ལོང་མ་སོགས་གསན། ང་གསུམ་པ་ཕྱི་ལོ ༡༤༨༧ ལོར་བཀྲ་ཤིས་ལྷུན་པོའི་གདན་སར་ཕེབས། བཀྲ་ཤིས་ལྷུན་པོ་ལོ་ངོ་ཉེར་བཞིའི་རིང་བསྐྱངས། གདན་ས་རྒྱལ་བ་དགེ་འདུན་རྒྱ་མཚོར་ཕུལ། འདས་ལོ་མི་གསལ། བཀྲ་ཤིས་ལྷུན་པོའི་ཁྲི་རབས་བཞི་པ་ཡིན། གསུང་རྩོམ་ནི་རྗེ་དགེ་འདུན་གྲུབ་ཀྱི་རྣམ་ཐར་ནོར་བུའི་ཕྲེང་བ་དང་། བཀའ་གདམས་ཆོས་འབྱུང་བཅས་བཞུགས། |