34953

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་ཤཱཀྱ་མཆོག་ལྡན་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ས་སྤྲེལ་ཕྱི་ལོ ༡༤༢༨ ལོར་གསུང་ཕུའི་བར་ཚིགས་སུ་འཁྲུངས། བརྒྱད་པར་སྐྱོར་མོ་ལུང་དུ་རོང་སྟོན་སྨྲ་བའི་སེང་གེ་ལས་རབ་ཏུ་བྱུང། མཚན་ལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཞེས་གསོལ། བཅུ་པར་ནཱ་ལེནྡྲར་ཕེབས། དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་གི་བར་རོང་ཆེན་སྨྲ་བའི་སེང་གེ་བསྟེན། རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་ལ་སྦྱངས། ཉེར་ལྔ་པར་ངོར་པར་ཕེབས། ངོར་ཆེན་ཀུན་དགའ་བཟང་པོ་དང་། བྲག་དཀར་སེམས་པ་ཆེན་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན་གསུམ་ལས་བསྙེན་པར་རྫོགས། མཁན་སློབ་དེ་གསུམ་དང་། ལྕང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་ནགས་རིན་པ་སོགས་ལས་རྒྱུད་སྡེ་བཞི་དང་། གསུང་ངག་སྦྱོར་དྲུག་སོགས་ཀྱི་གདམས་པ་གསན། བློ་བརྟན་བཞི་པ་ལས་སྒྲ་དང་། སྙན་ངག་སྡེབ་སྦྱོར་བཅས་ལ་སྦྱངས། དཔལ་ལྡན་ས་སྐྱར་བྱོན། གཞུང་ལུགས་བརྒྱ་ལ་བཤད་པའི་དགའ་སྟོན་བཤམས། ཞེ་གཉིས་གཙང་ཆེ་ཧོར་ཤཱཀྱ་སོགས་ཀྱིས་སྦྱིན་བདག་མཛད་དེ་གསེར་མདོག་ཅན་དགོན་བཏབ། བརྒྱད་ཅུ་པ་ རབ་བྱུང་དགུ་པའི་མེ་ཡོས་ཕྱི་ལོ ༡༥༠༧ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཤངས་ཆེན་པ་དང་། ལྕང་ར་བ། རྡོར་རྒྱལ་བ། བློ་བཟང་བཅས་ཡིན། གསུང་རྩོམ་ནི་ཚད་མའི་བཀའ་འགྲེལ་དང་། སྤྱི་དོན་ཆེ་ཆུང་གཉིས། རྣམ་རིགས་ཊིག་ཆེན་གཉིས། འདུལ་བའི་དཀའ་འགྲེལ། སོ་ཐར་ཊཱིཀྐ གཞི་གསུམ་ལས་ཆོག བདེ་མཆོག་རྣམ་བཤད། གསང་འདུས་རྣམ་བཤད། གསེར་ཐུར་ཆོས་ཚན། སུམ་རྟགས་འགྲེལ་བ་བཅས་མང་དུ་བཞུགས།