34954

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་ཤཱཀྱ་ཤྲཱི་ (1)
Part of speech མིང་ཚིག
Definition ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ནི་དུས་རབས་བཅུ་གཉིས་པའི་འགོར་རྒྱ་གར་གྱི་ནུབ་བྱང་ས་ཁུལ་གྱི་ཀ་ཤི་སྨིར་དུ་རབ་བྱུང་གཉིས་པའི་མེ་ལུག་ཕྱི་ལོ་ ༡༡༢༧ ཡབ་ས་ན་ཛ་ཡའི་སྲས་སུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་སྐད་ཡིག་རིག་གནས་ལ་སྦྱངས་པ་ལེགས་པོ་གནང་། དགུང་ལོ་ཉེར་གསུམ་ལ་རབ་ཏུ་བྱུང་། རྒྱ་གར་བྱང་ཕྱོགས་ན་ལེནྡྲར་ཕེབས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པར་སློབ་གཉེར་གནང་ཞིང་མཐར་དགེ་སློང་གི་སྡོམ་པ་བཞེས་ནས་གསང་སྔགས་ཀྱི་ཆོས་ཉམས་སུ་བླངས། དུས་རབས་བཅུ་གསུམ་པའི་འགོར་བོད་ཀྱི་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱིས་གྲོ་མོ་བརྒྱུད་བོད་དུ་གདན་དྲངས། ལོ་ངོ་བཅུ་གྲངས་ཤིག་ལ་བོད་དུ་ཆོས་ལུགས་ཀྱི་མཛད་འཕྲིན་བསྐྱངས་ཤིང་། མཚུར་ཕུར་བྱམས་པའི་སྐུ་བརྙན་ཆེན་པོ་བཞེངས། ས་སྐྱ་པཎ་ཆེན་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་། དགུང་ལོ་གྱ་བརྒྱད་པ་རབ་བྱུང་བཞི་པ་ཤིང་ཁྱི་ཕྱི་ལོ་ ༡༢༡༤ བོད་ནས་ཀ་ཤི་སྨིར་ཕྱིར་ཕེབས། རབ་བྱུང་བཞི་པའི་ཤིང་བྱ་ཕྱི་ལོ་ ༡༢༢༥ ལ་འདས།