34957
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | པཎ་ཆེན་ཨེར་ཏེ་ནི་ཞེས་པ་ནི་ལེགས་སྦྱར། བོད། སོག་གསུམ་བསྲེས་པའི་མིང་ཞིག་སྟེ། པཎ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ཞིང༌། པཎྜི་ཏའི་བསྡུས་མིང་ཡིན། བོད་སྐད་དུ་མཁས་པའི་དོན་ལ་འཇུག ཨེར་ཏེ་ནི་ཞེས་པ་སོག་སྐད་ཡིན་ཞིང༌། བོད་སྐད་དུ་རིན་པོ་ཆེར་གོ རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་ལོར་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་མཉྫུ་གོང་མས་ཆེ་བསྟོད་ཀྱི་མཚན་གསོལ་བ་ཞིག་ཡིན་པས། དེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་པཎ་ཆེན་ཨེར་ཏེ་ནི་ཞེས་འབོད། |
| Foreign | ཟུར་ཆག |