34994

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པད་ཅན་དམར་མོ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཐེག་ཆེན་གསང་སྔགས་ལུགས་ཀྱི་རྟེན་ཅན་གྱི་སྦྱོར་བའི་ཡུམ་གྱི་བྱེ་བྲག་སྟེ། དེ་ཡང་ཡི་དམ་དབང་གི་དཀྱིལ་འཁོར་གྱི་སྒོ་དང་བསྟུན་པའི་དབང་གི་ཡུམ་སྟེ། འགུ་ཡ་ལས། པད་ཅན་དམར་མོ་དབང་ཡུམ་ནི། བཞིན་མདོག་དམར་མོ་སོག་ཁ་ལ། དཔྲལ་བའི་དབྱེས་ཆེ་སྨིན་འཁྱུག་རིང་། མིག་གི་མདོངས་ནི་དཀྱུས་སུ་རིང་། སོ་ནི་ཚགས་དམ་ཤེལ་མདོག་ཆགས། བཞིན་གྱི་བཟང་རིང་ཀོས་ཀོ་འཕྲ། ལུས་ལ་དྲི་ཞིམ་ངད་ལྡན་ཞིང་། ནུ་མའི་དཀྱིལ་མཐོ་འཁྱིལ་པ་ལ། པད་ཅན་བྱ་བའི་ཡུམ་དུ་གྲགས། ཞེས་པས། དེ་ཡང་བུད་མེད་ཀྱི་རྟེན་ཡིན་པས་པད་ཅན་ལ། བཞིན་རས་དམར་མདངས་ཆེ་བས་དམར་མོ་ཞེས་བྱ་ལ། བྱེ་བྲག་ཏུ་སྐུ་ལུས་སོགས་ཀྱི་མཚན་རྟགས་ལས་ཞལ་གྱི་བཞིན་རས་ཀྱི་མདངས་དབྱིབས་ནི་དམར་ཞིང་སོག་ཁའི་དབྱིབས་ཅན་ལ། དཔྲལ་བ་དང་དབུ་སྐྲའི་བར་གྱི་དབྱེ་མཚམས་ཆེ་ཞིང་སྨིན་མ་འཁྱུག་ལ་རིང་བ། མིག་གི་མདོངས་དཀྱིལ་གྱི་གཞུང་དཀྱུས་རིང་ལ། སོ་ལ་ཡང་བར་གྱི་ཚགས་དམ་ཞིང་ཤེལ་དཀར་གྱི་མདངས་སུ་ཆགས་པ། བཞིན་རས་བཟང་ལ་རིང་བ་ཀོས་ཀོ་སྟེ་མ་ལེ་ཕྲ་བ། ལུས་ལ་དྲི་ཞིམ་གྱི་རླུང་ངད་ལྡང་ཞིང་བྲང་གཡས་གཡོན་དུ་ནུ་མའི་དཀྱིལ་མཐོ་ལ་འཁྱིལ་པའི་མཚན་ལྡན་གྱི་རིག་མ་ཞིག་ཏུ་གསུངས་སོ། །
Domain ཆོས་ལུགས།