35002
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྐར་རྩིས་ཀྱི་དཀའ་འགྲེལ་ཞིག་སྟེ། མཚན་རྒྱས་པ་ནི། ལེགས་པར་བཤད་པ་པདྨ་དཀར་པོའི་ཞལ་ལུང་ལས་རྩིས་འཕྲོ་གསལ་བར་བྱེད་པའི་སྒྲོན་མེ། ཞེས་གསོལ། མཛད་པ་པོ་ནི་མཁས་གྲུབ་ནོར་བཟང་རྒྱ་མཚོ་ཡིན་ལ། བརྗོད་བྱ་ནི་རྩིས་པ་བཤེས་གཉེན་རྨོག་ལྕོག་པས་པད་དཀར་ཞལ་ལུང་ལ་བརྟེན་པའི་དྲི་བའི་འགག་གནད་ཉི་ཤུ་བཀོད་པ་ལ་ལན་དུ་བརྗོད་པ་ཡིན་ལ། མཛད་པའི་དུས་དང་ཡུལ་ནི་དཀའ་འགྲེལ་དེ་ཉིད་ལས། རྗེ་བཙུན་ཐམས་ཅད་མཁྱེན་པ་དཔལ་ཆོས་ཀྱི་གྲགས་པའི་ཞབས་ཀྱི་བཀའ་དྲིན་གྱིས་འཚོ་བའི་བཙུན་པ་ནོར་བཟང་རྒྱ་མཚོས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་རིན་ཆེན་སྒང་ཆོས་ཀྱི་ཕོ་བྲང་དུ་ཀུན་འཛིན་ས་ཕོ་བྱི་བའི་ལོ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་ལ་སྦྱར་བ། ཞེས་བྱུང་། དེས་ན་ཕྱི་ལོ་ ༡༤༦༨ པ་སྟེ་རབ་བྱུང་བརྒྱད་པའི་ས་ཕོ་བྱི་བའི་ལོ་ཡིན་ནོ། ། |
{{#arraymap:པད་དཀར་ཞལ་ལུང་ལས་རྩིས་འཕྲོ་གསལ་བའི་སྒྲོན་མེ་
|; |@@@ | | }}