35028

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པད་མ་སེར་པོ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང༌། མེ་ཏོག་དཀར་སེར་ལ་དམར་མདངས་ཡོད་པ་འདབ་མ་ཤིན་ཏུ་མང་བ་འཆར་ཞིང་ཡལ་སླ་བ། གང་བུ་དང་འབྲས་བུ་ཤིང་པད་མ་དང་མཚུངས་པ་སྟེ། ཉིང་ཁྲི་སོགས་ཤིང་ནགས་ས་ཁུལ་དང༌། ལྷ་སའི་ཉེ་འཁོར་དོག་སྡེ་སོགས་སུའང་སྐྱེ། རྩ་བ་དང་རྩ་བའི་བར་ཤུན་བཅས་བོད་ཟླ་དྲུག་པ་བདུན་པའི་ནང་དུ་བཏུས་ཏེ་གཙང་མ་བཀྲུས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་ཡང་བས་ཚ་བ་དང་ཁྲག་ཚད་སེལ་ཞིང༌། ཁྲག་ངན་འཁྱིལ་བ་བསང་བ། ཟླ་མཚན་དུས་ཐོག་ཏུ་བབ་ཅིང་ན་ཟུག་གཅོག་པར་བྱེད་པ་ཡིན།
Domain གསོ་རིག

{{#arraymap:པད་མ་སེར་པོ་

|; |@@@ | | }}