35049
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བོན། ན་བཟའ་གོས་དྲུག་གི་ནང་ཚན་ཞིག་སྟེ། བཟོ་བྱེད་ཀྱི་རྒྱུ་ཆ་ནི། རས་དང་གོས་ཆེན་སོགས་ལས་གྲུབ་པ་དང་དེ་ཡང་པད་ཞུའི་ཚུལ་ནི། སུལ་བུ་ཉི་ཤུ་རྩ་ལྔ་དང་ལྡན་ཞིང་། གཙུག་ཏུ་བུ་ག་དོད་པ་དང་། མ་ཚད་ཕྱི་རིམ་དུ་པད་མ་འདབ་བཞིའམ་འདབ་བརྒྱད་ཀྱིས་བསྐོར་བ་ཅན། ཆེ་ཆུང་གི་ཚད་ཧ་ཅང་ཆེ་མིན་ཆུང་མིན་རང་རང་གི་མགོ་ལ་རན་ཞིང་མཛེས་པར་བྱ་དགོས་ལ། ཁྱད་པར་དུ་ཁྱིམ་པ་ལས་རྨད་དུ་བྱུང་བའི་དམ་པ་རྣམས་ཀྱི་དབུ་ཞྭ་ཡིན་པས་གང་བྱུང་གི་མགོ་ལ་གོན་པ་དང་བེད་སྤྱོད་བྱེད་པ་ནི་མི་རུང་སྟེ། སྡེ་སྣོད་མཛོད་ལས། པད་ཞུ་ནི་ཁྲིམས་མ་རྫོགས་པས་མི་གོན། ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:པད་ཞུ་
|; |@@@ | | }}