35058
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོན། ཁྱིམ་པ་ལས་རྨད་དུ་བྱུང་བའི་གཙང་གཙུག་པ་དང་དྲང་སྲོང་པ་རྣམས་ལ་སྔོན་ཚེ་སྟོན་པ་གཤེན་ལྷ་འོད་དཀར་གྱིས། གནང་བའི་ན་བཟའ་གོས་དྲུག་གི་ནང་གསེས་ཞིག་ཡིན། དེའི་དབྱིབས་ནི་པདྨ་གཉིས་བརྩེགས་ཀྱི་དབྱིབས་ལྟ་བུར་བྱེད་སྲོལ་ཡོད་པས་པད་ལྷམ་ཞེས་ཐ་སྙད་འདོག་པ་ཡང་སྔོན་རྣམ་མཁྱེན་སྟོན་པ་གཤེན་རབ་ཁྱིམ་པ་ལས་རབ་ཏུ་བྱུང་བའི་དུས་སུ་མེ་ཏོག་གི་གླིང་ལ་གཤེགས་ནས་དོན་དང་མ་འགལ་བའི་པད་ལྷམ་ཞེས་ཐ་སྙད་དེ་ལས་བྱུང་བ་ཡིན། འདུལ་བ་ཡོངས་རྫོགས་ལས། ཁྱིམ་སྤངས་འཁོར་བ་བློ་ཡིས་དོར། རབ་བྱུང་མི་མཆོག་སྒོ་གསུམ་བཅད། པད་ལྷམ་ས་སྒྲོལ་ཚུལ་ལྡན་འདི། སྔོན་ཚེ་གཤེན་ལྷ་ཡབ་ཀྱིས་གནང་། སྟོན་པ་མེ་ཏོག་གླིང་ལ་གཤེགས། དེང་གི་དྲང་སྲོང་རབ་ཏུ་བྱུང་། གཤེན་ལྷ་ཡབ་དང་མཚུངས་པ་ཡི། དྲང་སྲོང་དཔོན་གསས་རྒྱལ་བ་ཡིས། སྐལ་ལྡན་དད་པས་གཙོར་བྱེད་ལ། སྔོན་ལུང་མ་འགལ་པད་ལྷམ་གསོལ། མེ་ཏོག་གླིང་གཤེགས་རྩེ་རུ་ཆིབས། དོན་དང་མ་འགལ་ལུང་གི་ལྷམ། བདེ་ལྡན་སྲ་མཁྲེག་བགྲོད་པར་ཡང་། རྣམ་པར་དག་བྱེད་དབྱར་མི་སྤྱོག མཁས་ལྡན་བཟོད་འགྲོས་རྡུལ་མི་ལྡང་། བཀུར་ཡངས་ཁྲི་འཇམ་ལུང་མ་འགལ། ཡངས་དོགས་མི་ཟ་ཚད་མ་འགྱུར། བསྲུང་དམ་པད་མ་ཅི་བཞིན་པ། བྱ་ལམ་རིམ་བགྲོད་ཨང་དང་ལྡན། ཞེས་གསུངས་སོ། ། |
{{#arraymap:པད་ལྷམ་
|; |@@@ | | }}