35060

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པད་ཤུན་གྱི་རས་དཀར་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་ལས་དབང་པོ་སྒོ་བསལ་གྱི་རྫས་པད་མའི་ཤུན་པ་ལས་གྲུབ་པའི་དྲི་མེད་རས་དཀར་ཞིག་ཡིན་ལ། དེ་ཡང་སེམས་ཅན་གྱི་ལས་སྒྲིབ་དག་ཕྱིར་དུ་མཛེས་ལྡན་དྲུམ་ཤིང་གི་མགུལ་དུ་བཏགས་ནས་བདེ་བར་གཤེགས་པའི་རྟེན་གསུམ་རྣམས་ལ་རྡུལ་ཕྱིས་གཙང་དག་བྱེད་དེ། མདོ་གཟེར་མིག་ལས། དེ་ལ་དྲི་མེད་རས་དཀར་གཙང་མའི་མཛེས་ལྡན་དྲུམ་ཤིང་མགུལ་དུ་བཏགས་པ་ཡིས། བདེར་གཤེགས་རྣམས་ལ་བག་ཆགས་རྡུལ་གྱི་སྐྱོན་ལྟ་མི་མངའ་སྟེ། མ་རིིག་རྨོངས་པས་སྡུག་བསྔལ་ལུས་བླངས་ཁམས་གསུམ་སེམས་ཅན་གྱི། བག་ཆགས་རྡུལ་དང་དྲི་མ་ལྗན་ལྗིན་མི་གཙང་འཕྱི་བའི་ཕྱིར། དྲི་མེད་རས་དཀར་གཙང་མས་བདེར་གཤེགས་ཞལ་ཕྱིས་པས། ཞེས་སོ། །དེ་ཡང་སེམས་ཅན་རང་གི་ལུས་སྒྲིབ་སོགས་དག་ཕྱིར་དུ་བདེར་གཤེགས་རྟེན་གསུམ་སོགས་ལ་དག་ཕྱིས་བྱེད་པའོ། །
Domain ཆོས་ལུགས།

{{#arraymap:པད་ཤུན་གྱི་རས་དཀར་

|; |@@@ | | }}

པད་ཤུན་གྱི་རས་དཀར་ (2)
Part of speech མིང་ཚིག
Definition པད་མའི་ཤུན་པ་ལས་གྲུབ་པའི་རས་དཀར་ཞིག་གོ །

{{#arraymap:པད་ཤུན་གྱི་རས་དཀར་

|; |@@@ | | }}