35062

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པད་སྙིང་བདུན་པ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་ (1)
Part of speech མིང་ཚིག
Definition པད་སྙིང་མཆོག་སྤྲུལ་སྐུ་ཕྲེང་བདུན་པ། མདོ་སྟོད་གླིང་ཚང་གི་ཡུལ་ཡ་དིང་འབྲོག་སྡེར། ཡབ་ཇི་སྐྱིད་མི་ཤེས་རང་སེལ་དང༌། ཡུམ་དུང་དགའ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་རྟ་ ༡༩༠༦ ལོར་བལྟམས། རྫོགས་ཆེན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ལུང་བསྟན་པ་བཞིན། དགུང་ལོ་བདུན་སྟེང་གདན་སའི་ཁྲི་ལ་མངའ་གསོལ། འདོན་ཆོག་ཕྱག་ལེན་དང་བཅས་པ་མཐར་ཕྱིན་པ་སྦྱངས། མཁན་འཇམ་དཔལ་བཟང་པོའི་མདུན་ནས། ཐར་རྒྱན། ཀུན་བཟང་བླ་མའི་ཞལ་ལུང་སོགས་ལ་གསན་བསམ་མཛད་པས། ངེས་འབྱུང་གི་བསམ་པས་རབ་ཏུ་བྱུང་ནས་སྡོམ་པ་མིག་འབྲས་ལྟར་བསྲུངས་པས། དམ་པའི་སྐྱེས་བུ་འདི་འདྲ་མིན་ན་ཅི་ཡིན་ཞེས་ཀུན་དད། གོང་མ་སྐུ་ན་ཆུང་དུས་ནས་གཤེགས་རྐྱེན་དགོན་ཁྲིམས་ལྷོད་ཡངས་སུ་གྱུར་པར། མཁན་པོ་འཇམ་བཟང་དང་བཀའ་བགྲོས་ནས་གཙང་དགོན་དུ་བསྒྱུར་རྩིས་ལ། འགས་དང་བླངས་མ་བྱས་པས། ཐུགས་སྐྱོ་སྟེ་ཚ་ཚ་ཡ་ཐོད་གྲོ་ལུང་རི་ཁྲོད་དུ་ལོ་གསུམ་དུ་སྐུ་མཚམས་བཞུགས། སླར་དགོན་པས་ནན་བསྐུལ་ངོར། བཅུ་བཞི་ལ་དགོན་དུ་ཕེབས་ནས། གཙང་དགོན་དུ་བསྒྱུར། ཆོས་འདུལ་བ་གཞིར་བཟུང་གནང༌། བཅུ་བདུན་ནས་འབྲུ་འཇམ་དབྱངས་གྲགས་པའི་ཞབས་པད་བསྟེན་ཅིང༌། ལམ་རིམ་ཐར་རྒྱན་ནས་བཟུང་ཕྱག་ཆེན་སྐོར་གྱི་ཁྲིད་རྣམས་ལ་ནན་ཏན་དུ་མཛད། ཆོས་དྲུག་ལ་ཉམས་ལེན་གནད་དུ་བསྣུན་པས་ཉམས་རྟོགས་འཁྲུངས། ཉི་ཤུ་ལ་སྒྲུབ་སྡེ་རྒྱ་སྐྱེད་གནང་ཏེ། དེ་ནས་བཟུང་སྒྲུབ་དཔོན་རྡོར་འཛིན་གྱི་རིམ་པ་བར་མ་ཆད་པ་བྱོན། ཉེར་ལྔ་ལ་བཤད་གྲྭ་གསར་འཛུགས་གནང་། ཐོག་མར་མཁན་འཇམ་བཟང་མངའ་གསོལ་མཛད། རིམ་བཞིན་མཁན་རབས་ཟམ་མ་ཆད་པར་བྱོན། དེ་ནས་དབུས་གཙང་དུ་གནས་གཟིགས་སུ་ཕེབས། ཡོངས་འཛིན་བདུན་པ་མཇལ་ནས། བཀའ་ཆོས་དུ་མ་གསན། ཡོངས་འཛིན་རང་ཉིད་ཀྱི་གཏེར་ཆོས་རྣམས་ཀྱི་ཆོས་བདག་ཏུ་མངའ་གསོལ། བྱར་གསང་གླིང་དུ་འབྲུག་ཆེན་བཅུ་གཅིག་པའི་མདུན་ནས་ཟབ་ཆོས་དུ་མ་ཞུས། བཞི་བཅུའི་ནང་ཙམ་འཛི་སྒར་དགོན་དུ་ཕེབས། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་བློ་གྲོས་དང་། རིག་འཛིན་ལྷ་མཆོག་རྡོ་རྗེའི་མདུན་ནས་ཟབ་ཆོས་སྐོར་དུ་མ་གསན། ཞི་ཁྲོའི་ཆོས་བདག་ཏུ་མངའ་གསོལ། རང་དགོན་དུ་འབྲུག་ལུགས་གཙོ་གྱུར། སྒྲུབ་དཀྱིལ་སོགས་གསར་འཛུགས་གནང༌། འདོན་ཆོག་མང་པོ་ཞིག་འཛི་སྒར་གྱི་ལུགས་སུ་བསྒྱུར། དབུས་གཙང༌། འདམ་གཞུང༌། ནག་ཆུ་སོགས་ས་ཆ་མང་པོ་ཞིག་ཏུ་ཕེབས་ཤིང༌། འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད། སྐུ་ཚེའི་སྨད་དུ་སྒྲུབ་པ་སྙིང་པོར་མཛད། བོད་དུ་རྒྱ་དམར་གྱིས་དུས་འགྱུར་སྐབས། འོ་བརྒྱལ་ཤིན་ཏུ་ཆེན་པོ་མྱངས་པའི་མཐར། དགུང་གྲངས་དྲུག་ཅུའི་ནང་ཙམ་དུ། འདན་མ་རྫོང་ཆབ་སྲིད་གྲོས་མོལ་ཁང་གི་འགོ་ཁྲིད་ཀྱི་འགན་བཞེས་བཞིན་པར། རྩེད་མཚར་དུ་མ་འོངས་པའི་ཞལ་བརྡ་མང་པོ་དང༌། དོ་དགོང་ང་ཡི་རྩར་སུ་ཡང་ཉལ་མི་དགོས་གསུངས་ནས། དེའི་མཚན་མོར་སྙུན་ཅི་ཡང་མེད་པར་དགོངས་པ་གཤེགས་སོ། །སློབ་མ་ནི། མཁན་པོ་ཆོས་ལོ་ཚེ་རིང༌། མཁན་པོ་ཨ་ཁྱུང་སོགས། ཕྱིས་ཀྱི་པད་སྙིང་དགོན་གྱི་མཁན་པོ་དང་སྒྲུབ་བླ་ཕལ་ཆེ་བ་རྣམས་ཡིན་ནོ། །

{{#arraymap:པད་སྙིང་བདུན་པ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་

|; |@@@ | | }}