35095

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པདྨ་མ་ཏི་ (1)
Part of speech མིང་ཚིག
Definition རྒྱལ་བ་ཀློང་ཆེན་པའི་སྤྲུལ་སྐུར་གྲགས། ཁམས་དབུས་ཀུན་ཏུ་བྱོན་ནས་གསང་བསྟན་རྨང་ནས་སློང་བའི་མཁས་གྲུབ་ཆེན་པོར་རླུང་ལྟར་གྲགས། བསྟན་བཅོས་པུས་ཏི་ཀ་མང་དུ་མཛད། ཁྱད་པར་རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གི་སྨིན་གྲོལ་འཆད་སྤེལ་དང༌། ཡང་ཏིག་ཁྲིད་ཆེན་ཟབ་ལམ་དོན་གསལ་ཞེས་པ་མཛད། གཞན་ཡང་པདྨ་རྒྱལ་མཚན་གྱིས་སྤྲུལ་སྐུ་ཀརྨ་གུ་རུའི་མདུན་ཀར་གླིང་ཞི་ཁྲོའི་སྨིན་གྲོལ་རྣམས་གསན་པའི་རྒྱུན་དང༌། ཀཿཐོག་པ་དཀོན་མཆོག་རྒྱལ་མཚན་གྱིས་རྒྱ་ར་བ་ཆོས་ཀྱི་རྒྱ་མཚོའི་མདུན་ནས་གསན་པའི་ཞི་ཁྲོའི་དབང་ཁྲིད་རྣམས་ཀྱི་རྒྱུན་ཧེ་ལུགས་ཞེས་གྲགས་པ་བཅས་གཉིས་ཀའི་བརྒྱུད་པ་གསན་ནས། ཀར་གླིང་ཞི་ཁྲོའི་འགྲེལ་བ་དང༌། བར་དོ་དྲུག་གི་ཁྲིད་ཡིག་བཅས་མཛད་དེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་སྙིང་པོ་གསང་ཆེན་རྡོ་རྗེ་ཐེག་པའི་རང་ལུགས་དྲི་མ་མེད་པས་ཕྱོགས་ཀུན་ཁྱབ་པར་མཛད་དོ། །དེའི་སློབ་མ་བླ་མ་ཚེ་རིང་རྡོ་རྗེ་དང་སྟག་བླ་པདྨ་རིག་འཛིན་དང་ཉི་ཕུག་པ་སངས་རྒྱས་ཡེ་ཤེས། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་སོགས་བྱོན། པདྨ་རིག་འཛིན་དབོན་པདྨ་བློ་ལྡན་དང་པདྨ་ནོར་བུ་སོགས་ཀྱིས་ཀྱང་ཡང་ཏིའི་ཉམས་ལེན་གཙོ་བོར་མཛད། འཇའ་ཚོན་སྙིང་པོའི་སློབ་མ་བླ་མ་རིག་འཛིན་རྒྱ་མཚོས་བྲག་དམར་དགོན་ཐོག་མར་བཏབ། སྟག་བླ་ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་དེར་བཞུགས་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་བར་མཛད། གཞན་ཡང་པདྨ་ནོར་བུའི་སྐྱེ་བ་རིག་འཛིན་ཚེ་དབང་ནོར་བུ་དང༌། སྟག་བླ་མགོན་པོ་ལྷུན་གྲུབ་རྣམས་ཀྱང་མཛད་འཕྲིན་མཁའ་དང་མཉམ་པ་ཤ་སྟག་བྱོན།

{{#arraymap:པདྨ་མ་ཏི་

|; |@@@ | | }}