35104
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྟག་ལུང་མར་ཐང་རི་བོ་ཆེའི་གདན་རབས་དགུ་པ། གྭ་ཟི་བ་མཁར་དྲུང་བསོད་ནམས་བཀྲ་ཤིས་ཀྱི་རིགས་སྨྱུགས་སུ་སྐུ་བལྟམས། ཡབ་ཀྱི་དྲུང་ནས་སྟག་ལུང་པའི་ཆོས་སྐོར་ཀུན་གསན། གཞན་ཡང་བཤེས་གཉེན་དུ་མ་བསྟེན་ནས་མདོ་སྔགས་ཀྱ་གཞུང་ཀུན་ལ་གསན་པ་རབ་འབྱམས་མཛད། རྗེ་འཇིག་རྟེན་དབང་ཕྱུག་གི་བཀའ་ཆེམས་ལྟར་ཡབ་ནས་ལྕགས་ཡོས་སྤྱི་ལོ་ ༡༥༣༡ ལོར་དཔལ་རི་བོ་ཆེའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། ཚོགས་པ་ལེགས་པར་བསྐྱངས་ཤིང་རྟེན་གསུམ་བཞེངས་སྐྲུན་མང་དུ་གནང་། དམ་པ་གོང་མའི་རྣམ་ཐར་གཞིར་བཟུང་སྟེ་སྡེ་དགོན་ཚུལ་བཞིན་བསྐྱངས་པས་དར་རྒྱས་ཕུན་ཚོགས་སུ་བྱུང་། འཕྲིན་ལས་རྒྱས་བཞིན་པར་སྐུ་གཤེགས་སོ། ། |
{{#arraymap:པདྨ་རྒྱལ་པོ་
|; |@@@ | | }}