35109

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པདྨ་ལམ་རིམ་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། པདྨ་ལམ་རིམ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བརྒྱ་དང་ལྔ་པ་ཡིན། བརྗོད་བྱ་ནི། སློབ་དཔོན་པདྨའི་མན་ངག སྣང་སྲིད་འཁོར་འདས་ཐམས་ཅད་མན་ཤེལ་གྱི་དཔེས་ཐིག་ལེ་ཉག་གཅིག་གམ། ཡེ་གྲོལ་ལམ། མ་བཅོས་དབྱིངས་ལས་རང་བྱུང་འོད་གསལ་དུ་ངོ་སྤྲོད་པའི་རིམ་པ་རྣམས་མདོར་བསྡུས་ཏེ་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། སྤྲུལ་སྐུ་པད་འབྱུང་གཉགས་ལོ་ཡེ་ཤེས་གཞོན། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡོན་རྒྱམ་པ། ཉང་སྟོན་ལེ་འབྱུང་ཟུར་ཆེན་ཤཱཀྱ་འབྱུང་། ཟུར་ཆུང་ཤེས་རབ་གྲགས་དང་ཤཱཀྱ་བཟང་། ཤཱཀྱ་སེང་གེ་ཙཀ་ཚ་ཤཱཀ་རྡོར་བ། གཉོས་ནག་རྒྱལ་མཚན་འབན་རིགས་རྒྱལ་ཁམས་པ། ཤཱཀྱ་དཔལ་བ་སངས་རྒྱས་སེ་དགེ་དང་། ཀུན་དགའ་རིན་ཆེན་རིན་ཆེན་རྒྱལ་མཚན་དང་། དཀོན་མཆོག་བཟང་པོ་ཟུར་ཧཾ་ཤཱཀ་འབྱུང་ཞབས། ཤཱཀྱ་དཔལ་བཟང་བཤེས་གཉེན་ཁམས་གྲགས་རྒྱན། སེ་སྟོན་ཆེན་པོ་རས་ཆེན་ནམ་རྒྱན་བ། བདེ་ལེགས་པ་དང་ཀུན་དགའ་མཆོག་གྲུབ་པ། སོགས། ཞེས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། སྒྲོལ་བའི་མགོན་པོ་རྗེ་བཙུན་འཕྲིན་ལས་དབང་། རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་དང་། ཀུན་བཟང་དབང་པོ་རྣམས་ལ་གསོལ་བ་འདེབས། ཆོས་དབྱིངས་ཆོས་འབྱོར་མཐུ་སྟོབས་དཔའ་བཟང་དང་། ལྕགས་ཟམ་སྤྲུལ་སྐུ་བསྟན་སྐྱོང་མཁྱེན་བརྩེའི་དབང་། ཡོན་ཏན་རྒྱ་མཚོ་འཁོར་ལོ་བདེ་ཆེན་མཚན། སྟོབས་ལྡན་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཚེ་ནོར་ཆོས་འབྱོར་ཀརྨ་འགྱུར་མེད་དང་། ཚེ་དབང་པད་སྤྲུལ་བློ་གྲོས་མཐའ་ཡས་དང་། ངག་དབང་བློ་གྲོས་བདེ་ཆེན་རྡོ་རྗེ་དང་། བློ་བཟང་ཕྱོགས་གླང་རྣམས་ལ་གསོལ་བ་འདེབས། མཁྱེན་རབ་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། ཡོན་ཏན་བཟང་པོ་མཁན་ཆེན་ཤེས་རབ་གསལ། ཐུགས་རྗེ་དཔལ་བཟང་པདྨ་རྣམ་པར་རྒྱལ། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། པདྨ་ལམ་རིམ་གྱི་གནང་འདོམས་ཁོལ་ཕྱུང་ངོ་། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:པདྨ་ལམ་རིམ་གྱི་ཁྲིད་

|; |@@@ | | }}