35204

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པརྤ་ཏ་ (1)
Part of speech མིང་ཚིག
Definition གཉན་ནད་ཀྱི་རྒྱུ་བྱེད་པའི་དུག་ཅན་སྲིན་བུའི་མིང་སྟེ། བོད་ཀྱི་སྐད་དུ་བསྒྱུར་ན་སྲོག་འཕྲོག་བྱེད་ཅེས་འགྱུར་ཏེ། འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཐོར་བུའི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། པརྤ་ཏ་ནི་ལེགས་སྦྱར་སྐད་དེ་བོད་སྐད་དུ་སྲོག་འཕྲོག་བྱེད་དུ་འགྱུར་བས་ངོ་བོ་ནི་གཉན་ནད་ཀྱི་རྒྱུ་བྱེད་པའི་དུག་ཅན་སྲིན་བུའི་མིང་ངོ་། །ཞེས་དང། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་ལྷན་ཐབས་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ལས། པརྤ་ཏ་དེ་སྲིན་གྱི་གཟུགས་སྤྲུལ་པ། རྩངས་པའི་མགོ་དབྱིབས་ཁ་ཆེ་སྦྲུལ་ལྟ་བུའི། །མཇུག་རིང་རྟ་བླ་ལྟར་དུ་ཡན་ལག་མང། །རླུང་གཤོག་ལྡན་པས་ཕྱོགས་ཀུན་རྒྱུ་བ་སྟེ། །བར་སྣང་ཁམས་ནས་བ་སྤུ་སྣ་སྒོར་འཇུག །དེ་བསྟུན་ལུས་ནང་གནས་པའི་སྲིན་བུ་ནི། །ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་དེ། །ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུ། །གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། །ཅེས་པའི་དུག་ཅན་སྲིན་བུ་རྣམ་པ་བདུན། །ཟངས་ལྟར་དམར་ཞིང་ཕྲ་ལ་བལྟར་མི་མངོན། །སྐད་ཅིག་ཙམ་ལ་མགོ་རྐང་ཁྱབ་རྒྱུ་ནུས། །ཞེས་གསུངས།
Foreign རྒྱ་གར།

{{#arraymap:པརྤ་ཏ་

|; |@@@ | | }}