35442

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཱུ་ཛ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྒྱུད་ཀྱི་དངོས་པོ་བཅུ་གཅིག་གི་ཡ་གྱལ་ལས་མཆོད་པ་སྟེ། འོད་གསལ་སྙིང་པོ་ལས། དེ་ལ་པཱུ་ཛའི་སྒྲ་ལས་སྔོན་དུ་བསྐྱེད་པར་བྱ་བའམ། ཡང་ཡང་དགྱེས་པ་བསྐྱེེད་པའམ། བཀུར་བའི་དོན་ཅན་ཏེ། དགེ་བའི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའམ་ལྷ་མཉེས་པར་བྱ་བ་དང་ལས་སྒྲུབ་པ་ཀུན་གྱི་སྔོན་དུ་བསྐྱེད་པར་བྱ་བ་ཡིན་པས་སམ། བཀུར་བའི་ཚུལ་གྱིས་དགྱེས་པ་ཡང་ནས་ཡང་དུ་བསྐྱེད་པའི་དོན་ཏེ། དེ་ཡང་མཆོད་པའི་ཡུལ་རྣམས་ལ་སྒོ་གསུམ་གྱིས་བཀུར་ཞིང་མཆོད་པའི་བསམ་པས་ཕྱི་དང་ནང་གི་དངོས་པོ་སྣ་ཚོགས་སྟོབ་པའི་སྒོ་ནས་མཉེས་པར་བྱེད་པའི་ལས་ཀྱི་བདག་ཉིད་དོ། །ཞེས་དང་། ངོ་བོའི་རིགས་བསྡུས་ན། ཕྱི་ཉེར་སྤྱོད་ཀྱི་མཆོད་པ། ནང་དམ་རྫས་ཀྱི་མཆོད་པ། གསང་བ་སྦྱོར་སྒྲོལ་གྱི་མཆོད་པ། དེ་ཁོ་ན་ཉིད་མཉམ་པ་ཆེན་པོའི་མཆོད་པའོ། །ཞེས་གསུངས། མཆོད་པའི་སྐབས་སུའང་གཟིགས།
Domain ཆོས་ལུགས།