From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁབ་ (1)
| Part of speech
|
མིང་ཚིག
|
| Definition
|
རས་ཆ་སོགས་འཚེམ་པོ་རྒྱག་བྱེད་ལྕག་དང་ཟངས། རུས་པ་སོགས་ཀྱིས་བཟོས་པའི་ཡོ་བྱད་རྩེ་རྟིང་ལ་སྤོམ་ཕྲ་ཅན། རྟིང་གི་སྤོམ་ས་ལ་སྐུད་པ་རྒྱུས་སའི་བུ་ག་ཡོད་ལ་རྩེ་མོ་ཧ་ཅང་རྣོ་བ་ཞིག་ཡིན།
|
| Keyword
|
True
|
| Example
|
ཁབ་ཀྱིས་གོས་བཙེམ་དགོས། ཟངས་ཁབ་ལྟ་བུ།
|
ཁབ་ (2)
| Part of speech
|
མིང་ཚིག
|
| Definition
|
སྨན་བཅོས་ཀྱི་ཡོ་བྱད་ནད་པར་སྨན་ཆུ་རྒྱག་བྱེད་ཀྱི་ཁབ་སྦུབས་སྟོང་ཞིག་སྟེ།
|
| Example
|
ཆམ་ནད་ལ་ཁབ་བརྒྱབ་ན་མྱུར་དུ་དྲག་སྐྱེད་ཡོང་ལྟ་བུ།
|
ཁབ་ (3)
| Part of speech
|
མིང་ཚིག
|
| Definition
|
ཁྱིམ་གྱི་དོན་དུ་འཇུག་སྟེ།
|
| Example
|
ཁབ་ན་བཞུགས་དུས། བཙུན་མོ་ཁབ་ཏུ་བསུས་ལྟ་བུ།
|
ཁབ་ (4)
| Part of speech
|
མིང་ཚིག
|
| Definition
|
གནས་སམ་གྲོང་གི་དོན་དུ་འཇུག་སྟེ།
|
| Example
|
རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ་ལྟ་བུ།
|