35629
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚིག་ཕྲད་པ། པོ། བ། ཅན་རྣམས་ཏེ། དེ་དག་མིང་གང་ཡང་རུང་བའི་མ་མཐའ་རྣམས་སུ་སྦྱར་ན། དེའི་བདག་པོའི་དོན་གསལ་བར་གོ་ནུས་པས་ན་བདག་སྒྲ་སྟོན་པའི་ཕྲད་ཟེར། པུ་ལིངྒ་ཞེས་པ་སཾསྐྲྀཏའི་སྐད་ཡིན་ལ། པུ་རུ་ཥ་ཞེས་པ་སྐྱེས་པའི་སྐད་དོད་དང་། དེའི་རུ་དང་ཥ་གཉིས་ཕྱིས་པའི་པུ་ཡིག་ཀྱང་སྐྱེས་པ་ཕོ་མཚོན་པའི་སྒྲ་ཡིན། ལིངྒ་ཞེས་པ་རྟགས་སམ་མཚན་མ་ལ་གོ། ཞ་ལུ་ལོ་ཆེན་དང་། པྲ་ཏི། ལྕང་སྐྱ་སོགས་ཀྱིས་པ་བ་པོ་ཅན་བཞི་ཀ་བདག་པོའི་དོན་སྟོན་བྱེད་ཀྱི་ཕྲད་དུ་འཇུག་པར་འདོད་པ་དང་། སི་ཏུས་པ་དང་པོ་གཉིས་ལས་མི་འདོད། |
| Domain | སྒྲ་རིག་པ། |