35642

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པུ་ཤེལ་ཙེ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཨ་ར་འདྲ་བའི་རྩ་ཕྲན་གྱིས་ས་འཛིན་པ་དང༌། སྡོང་པོ་སེར་སྨུག་རྩི་ལྟ་བུའི་འོད་མདངས་ཡོད་ཅིང༌། སྐྱེ་གནས་དབང་གིས་རིང་ཐུང་སྣ་ཚོགས་མཆིས་པ། ལོ་མ་ལྗང་སེར་ཅུང་ཟད་མཐུག་པ་སྒོང་དབྱིབས་ཀྱི་མཐའ་མཉམ་ཞིང་ངར་པ་ཐུང་བ། ལོ་མའི་རྟིང་པས་སྡོང་པོ་བཏུམ་སྟེ། རེ་མོས་རེས་མོས་སུ་སྐྱེ་བ། མེ་ཏོག་ཟིང་སྐྱ་འདབ་མ་མང་བར་རྩ་རིས་སྨུག་པོ་ཕྲ་མང་གཞུང་དུ་རྒྱུག་ཡོད་པ་ཞིག་སྟེ། བོད་ཀྱི་ས་ཁུལ་སྤོ་ཡུལ་དང༌། རྫ་ཡུལ། མཚོ་སྣ། མེ་ཏོག་རྫོང༌། གྲོ་མོ། སྐྱིད་གྲོང་སོགས་ཀྱི་ནགས་གསེབ་དང༌། ལམ་ཟུར། ཤིང་སྡོང་གི་སྟེང་དུ་སྐྱེ་བ། རྩ་བ་དང་སྡོང་པོ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཅུང་ཟད་མངར་བ། ཞུ་རྗེས་མངར། ནུས་པ་བསིལ་ལ་ཡང་བས་ཟས་སྐོམ་སྐྱུག་པ་དང་བད་ཚད་རྒྱས་པ། ཕོ་ཚད་རྙིང་པ་དང་། ཆུ་འགགས་སོགས་ལ་ཕན་པ་ཡིན།
Domain གསོ་རིག