3570
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབང་ཆེན་གསང་བ་འདུས་པ་ལས། ཁབ་མཐུ་སྲོག་གཅོད་དམར་འབྱིན་མ་ཤིན་ཏུ་ཟབ་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཁབ་མཐུ་སྲོག་རྩ་དམར་དུ་འབྱིན༔ མ་འོངས་བསྟན་ལ་དགྲ་དར་ཚེ༔ ང་སྤྲུལ་བསྟན་པ་འཛིན་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། མ་འོངས་པར་བསྟན་པ་ལ་དགྲ་དར་བའི་ཚེ་དེ་དག་བསྒྲལ་བར་བྱེད་པའི་ཐབས་སུ་ངན་སྔགས་སྲོག་གི་སྤུ་གྲི་གཤིན་རྗེ་བླ་གནས་ཀྱི་ཁབ་མཐུ་དགྲ་ལ་ཇི་ལྟར་ལས་བྱ་བའི་ཐབས་བསྟན། |