35767
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དང་པོའི་མེ་ཡོས་ཕྱི་ལོ ༡༠༢༧ ལོར་འཕན་ཡུལ་སྤྲས་ཀྱི་བའོ་ཐང་དུ་ཡབ་སྲིད་པོ་དང་། ཡུམ་ལེ་མོ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་གཉིས་པའི་ཤིང་བྱ་ཕྱི་ལོ ༡༡༠༥ ལོར་སྐུ་གཤེགས། ཡེར་པ་བ་རྔོག་བྱང་ཆུབ་འབྱུང་གནས་ལས་རབ་ཏུ་བྱུང་། ཁུ་སྟོན་བརྩོན་འགྲུས་གཡང་དྲུང་ལས་མཚན་ཉིད་ཀྱི་ཆོས་སྐོར་མང་དུ་གསན། གླན་ཚུལ་བྱང་ལས་འདུལ་བ་གསན། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལས་གདམས་ངག་རྣམས་ཞུས། རྭ་སྒྲེང་གི་གདན་ས་ཡུན་རིང་དུ་བསྐྱངས། ལམ་སྒྲོན་རྩ་བར་མཛད་ནས་བཀའ་གདམས་གཞུང་དྲུག་གི་འཆད་ཉན་མཛད། བཀའ་གདམས་གཞུང་པའི་སྲོལ་བཏོད། པོ་ཏོ་དགོན་པ་གསར་འདེབས་མཛད། གྲྭ་པ་ཉིས་སྟོང་བརྒྱད་བརྒྱ་ཙམ་འདུས། སློབ་མ་གྲགས་ཆེ་བ་ནི་དགེ་བཤེས་ཕོ་བྲང་སྡིངས་པ། དགེ་བཤེས་དོལ་པ་བ། དགེ་བཤེས་གླང་ཐང་པ། དགེ་བཤེས་ཤ་ར་བ། བཀའ་རམ་སྡིངས་མ་བ། དྲེའུ་ལྷས་པ་ཡེ་ཤེས་རྒྱལ་མཚན། དགེ་བཤེས་བྲག་དཀར་པ། གཉལ་བ་ཆོས་འབར་བཅས་བཀའ་བབས་བརྒྱད་ཡིན། གསུང་རྩོམ་ནི་བེའུ་བུམ་སྔོན་པོ་དང་། དཔེ་ཆོས་རིན་ཆེན་སྤུངས་པ་བཅས་བཞུགས། མཚན་གཞན། པོ་ཏོ་བ་རིན་ཆེན་གསལ། |