3577

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁབ་རལ་བྱེད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། གླེང་གཞིའམ་བྱུང་རྐྱེན། སྟོན་པ་མཉན་ཡོད་ན་བཞུགས་དུས། གཅེར་བུ་པའི་ཉན་ཐོས་ཆོས་ཞེས་བྱ་བ་སོ་མཁན་ཞིག་འདུག་པ་དགེ་སློང་བསོད་སྙོམས་པ་ཞིག་གིས་བཏུལ་ཏེ་སྐྱབས་འགྲོ་དང་བསླབ་པའི་གཞི་ལ་བཀོད་ནས་རྫས་ལས་བྱུང་བའི་གཞི་བདུན་གྱི་བསྔགས་པ་བརྗོད་པས་དད་དེ། བདག་གིས་ཀྱང་ཅུང་ཟད་ཅིག་བགྱིའོ། །ལེགས་ཀྱི་རང་གི་ལག་བཟོས་བསྙེན་བཀུར་གྱིས་ཤིག་བགྱིའོ། །དེ་དགེ་སློང་ལ་བརྗོད་པ་དང་དགེ་སློང་དག་གིས། ཁབ་རལ་གྱིས་ཤིག ཅི་ལ་བགྱི། གང་བཟང་བ་ལའོ། །བ་སོ་བཟང་ངོ་ཟེར་ནས། བ་སོ་དང༌། རུས་པ་དང༌། རྭ་རྣམས་ཟད་ཟད་དུ་བྱས་པས་དབུལ་བོར་གྱུར་ཏེ་ཟན་སློང་བ་ན་གཅེར་བུ་པ་རྣམས་ན་རེ། བདག་ཅག་ལ་དད་པ་ན་འབྱོར་ལ། ད་ནི་ཟན་ཡང་སློང་ངོ་ཞེས་འཕྱ་བ་ལས་བྱུང་། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་ཁབ་རལ་གྱི་རྒྱུ་མཚན་ཉིད་དང་ལྡན་པ་ལ་རང་གི་ཆེད་དུ་རང་ངམ་བསྐོས་པས་ཁབ་རལ་གྱི་བཟོ་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །དགག་བྱ་ནི་དོན་བྱ་བ་མང་བ་དང་རང་འདོད་ཆེ་བའོ། །
Domain ཆོས་ལུགས།