35772

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པོ་པོ་རི་ཇ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་མར་ཤས་ཅན་སྤེན་མའི་རྩ་བ་འདྲ་ལ་རྩ་ཕྲན་མང་བ་དང༌། སྡོང་པོ་དང་ཡལ་ག་མེད་པ། གསར་སྐྱེས་ལོ་མ་སྔོན་པོ་ཕྲ་ལ་རྩེ་རྣོ་བ་རྣམས་ལོ་མ་རྙིང་པ་དམར་སེར་གྱིས་བཏུམ་པ་ཚོམ་བུར་ཁ་གདན་གྱི་རྒྱ་ཁ་ཙམ་ལེབ་ཆག་ཏུ་སྐྱེ་བའི་དཀྱིལ་ནས་མེ་ཏོག་དཀར་པོ་མདངས་མི་གསལ་བ་འདབ་མ་ལྔ་ཅན་ཐར་ཐོར་འཆར་བ། སྟོན་མཇུག་ཏུ་ལོ་མ་ཚང་མ་དམར་སེར་ཇ་མདོག་ཏུ་འགྱུར་བ་ཞིག་སྟེ། བོད་ཀྱི་རི་མཐོའི་གཡའ་སྤང་འདྲེས་མ་དང༌། རྫ་གསེབ་ཏུ་སྐྱེ། ཆ་ཚང་བོད་ཟླ་དྲུག་པའི་ནང་བཏུས་ཏེ་ས་དྲེག་མེད་པར་བཟོས་ནས་ཉར་ཚགས་བྱེད་རྒྱུ། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་སྙོམས་པས་གྲང་བའི་ནད་ལ་ཚ་དུགས་རྒྱབ་ན་ཕན་པ་ཅན་ཞིག་ཡིན།
Domain གསོ་རིག