35781
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤིང་སྨན་གྱི་རིགས་ཤིག་སྟེ། འཁྲུངས་དཔེར། སྟོད་དུ་འདྲེན་བྱེད་སོ་ཆ་ནི། །ཚད་རོང་དག་ལས་སྐྱེ་བ་ཡིན། །ཤིང་སྡོང་ཆེ་ལ་རབ་ཏུ་མཁྲེགས། །ལོ་མ་སྣུམ་ལ་ཕྲ་བ་སྟེ། །མེ་ཏོག་དཀར་ལ་འབྲས་བུ་ནི། །མི་རྒན་དག་གི་འབྲས་བུ་འདྲ། །རོ་ནི་ཚ་ལ་ཡུད་ཙམ་སྣུམ། །རང་གི་ནུས་པས་བད་ཀན་སོགས། །ནད་ཀུན་གྱེན་འདྲེན་སྐྱུག་སྨན་མཆོག །ཅེས་པའི་ཤིང་འདིར་ཚེར་མ་ཡོད་པ་དང་། ཚི་གུ་དོང་གའི་འབྲུ་འདྲ་བ་ཡོད་པའོ། །འདི་ལ་པོ་སོན་ཆ་ལྟར་བྲིས་པའང་སྣང་། རྒྱ་གར་པས་མ་ཏ་པ་ལ་ཟེར། རོ་ཚ་ལ་སྐྱར། ཞུ་རྗེས་དྲོད། ནུས་པས་མ་ཞུ་བ་སོགས་བད་ཀན་གྱི་ནད་གྱེན་དུ་སྐྱུག་པར་བྱེད། མིང་གི་རྣམ་གྲངས་ལ་འཁྱོག་པོའི་སྡེ་དང༌། གོང་བུ་ཅན། ཆང་ཤིང༌། དབུགས་འབྱིན་ཤིང༌། མྱོས་བྱེད། ལག་པའི་ཚང་དུས། གསེར་གྱི་ལག་བཅས་སོ། ། |
| Domain | གསོ་རིག |