35845
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་མེ་སྤྲེལ་ཕྱི་ལོ ༡༨༣༦ ལོར་མདོ་སྨད་ཁ་གྱའི་འབོ་རར་ཡབ་མགོན་པོ་དང་། ཡུམ་སྒྲོལ་མ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། རབ་བྱུང་དང་། དགེ་ཚུལ་བསྒྲུབས། དཔོན་པོ་རྡོ་རམས་པ་ཤེས་རབ་ལས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་ལ་སྦྱངས། ཆོས་གྲྭར་ཞུགས། བསྡུས་གྲྭ་དང་། གཞུང་བཀའ་པོད་ལྔ་ལ་སློབ་གཉེར་མཛད། ཀུན་མཁྱེན་རིན་པོ་ཆེ་ལས་བསྙེན་པར་རྫོགས། བཀའ་ཆོས་མང་དུ་གསན། རྗེ་ཤེས་རབ་རྒྱ་མཚོ་ལས་བཀའ་འགྱུར་གྱི་ལྗགས་ལུང་དང་། སྙན་ངག་མེ་ལོང་གི་རྩ་འགྲེལ་བཅས་གསན། ཨ་རིག་རི་ཁྲོད་པ་ལས་དབྱངས་ཅན་སྒྲ་མདོའི་རི་མོ་བསླབས། ཨུརྒེ་གྲྭ་ཚང་གི་ཁྲིར་བཞུགས། འཆད་ཉན་བསྐྱངས། རབ་བྱུང་བཅུ་བཞི་པའི་ཆུ་ཕག་ཕྱི་ལོ ༡༨༦༣ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲིར་བཞུགས འཆད་ཉན་དང་། གཏོང་སྒོ་ལོ་གཉིས་རིང་བསྐྱངས། འདས་ལོ་མི་གསལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ང་གཅིག་པ་ཡིན། |