3593
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་ཉིད་ནི། སྣ་ལྕེ་ལུས་གསུམ་གང་རུང་གི་དབང་པོས་ཁམ་དུ་བཅད་ནས་ལོངས་སྤྱོད་པར་བྱ་བའི་འདོད་པའི་སས་བསྡུས་ཀྱི་ཕྱིའི་སྐྱེ་མཆེད་དེ་ཡིན་ནོ། །མཚན་གཞི་ནི། འདོད་པའི་སས་བསྡུས་ཀྱི་དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་ལ་འཇོག་གོ ། ཁམས་གོང་མ་ན་ཁམ་ཟས་མེད་དེ། དེ་ན་ཁམ་ཟས་ལ་འདོད་ཆགས་དང་བྲལ་བའི་ཕྱིར། དེ་ཡང་ཁམ་ཟས་ཀྱིས་རྟེན་ལུས་གནས་ཤིང་རྒྱས་པར་ཕན་འདོགས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |