3618
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བག་ལ་འགྲོ་དུས་ཀྱི་ཁམ་ཡུ་གང་ཡིན་ངོས་འཛིན་གནང་དེ་དག་གི་ལོ་དང་སྐར་མར་སྦྱར་ནས་གཉིས་སུ་ཕྱེས་པའི་ནང་གསེས་སྐར་མའི་ཁམ་ཡུ་སྟེ། སྨིན་དྲུག་གི་ཁམ་ཡུ་རབས་ཆད་ནག་པོ་དང་། སྣར་མའི་ཁམ་ཡུ་མིག་བདུན། མགོའི་ཁམ་ཡུ་འཁོར་ལྔ། ལག་གི་ཁམ་ཡུ་ཟུང་དྲུག ནབས་སོའི་ཁམ་ཡུ་བཞི་བསྣོལ། རྒྱལ་གྱི་ཁམ་ཡུ་བརྒྱད་པ། སྐག་གི་ཁམ་ཡུ་ནག་དགུ། མཆུའི་ཁམ་ཡུ་བཅུ་པ། གྲེའུ་ཁམ་ཡུ་ཕྱགས་ཤིང་། དབོའི་ཁམ་ཡུ་སྨིན་དྲུག མེ་བཞིའི་ཁམ་ཡུ་ཟུར་བཞི། ནག་པའི་ཁམ་ཡུ་འཁོར་གསུམ། ས་རིའི་ཁམ་ཡུ་བཅུ་གཉིས། ས་གའི་ཁམ་ཡུ་ཟུར་འབྲེལ། ལྷ་མཚམས་ཀྱི་ཁམ་ཡུ་རབས་ཆད་དམར་པོ། སྣྲོན་གྱི་ཁམ་ཡུ་ཁྲ་བོ་མཇུག་རིང་། སྣྲུབས་ཀྱི་ཁམ་ཡུ་ར་བཞི། ཆུ་སྟོད་ཀྱི་ཁམ་ཡུ་གཅིག ཆུ་སྨད་ཀྱི་ཁམ་ཡུ་ཟུར་བཞི་པ། གྲོ་བཞིན་གྱི་ཁམ་ཡུ་འདྲེ་ལྔ། བྱི་བཞིན་གྱི་ཁམ་ཡུ་ཕོ་བདུན། མོན་དྲེའི་ཁམ་ཡུ་ལག་སོར། མོན་གྲུའི་ཁམ་ཡུ་ལྔ་པ། ཁྲུམས་སྟོད་ཀྱི་ཁམ་ཡུ་བརྒྱད་བདུན། ཁྲུམས་ཀྱི་སྨད་ཀྱི་ཁམ་ཡུ་སྤུན་དྲུག ནག་གྲུའི་ཁམ་ཡུ་ཐེའུ་བྲང་རྐང་གཅིག དབྱུག་པའི་ཁམ་ཡུ་འཁོར་དྲུག བྲ་ཉེའི་ཁམ་ཡུ་འཁོར་ལོ་བཅས་ཡིན། དེ་ཡང་སྐྱེས་པ་ཡིན་ན་ཆུང་མ་བསུ་སྐབས་ཀྱི་སོ་སོའི་ལོ་གྲངས་དེས་སྐར་མ་སྨིན་དྲུག་གི་ཐོག་ནས་བཟུང་སྟེ་མར་ལུགས་འབྱུང་ལ་ལོན་ཚད་བགྲངས་དགོས་པས། གལ་སྲིད་མག་པ་སུ་ཞིག་ཆུང་མ་བསུ་དུས་རང་ལོ་ཉེར་གཉིས་ཡིན་པར་ཆ་བཞག་ན། ཕོའི་ཁམ་ཡུ་སྐོར་འགོ་སྨིན་དྲུག་ནས་མར་ལུགས་འབྱུང་ལ་བགྲངས་པའི་ཉེར་གཉིས་པ་མོན་དྲེ་ཡིན་ཕྱིར། ཁྱོ་གར་མཚོན་ན་དུས་དེའི་སྐར་མའི་ཁམ་ཡུ་ནི་བག་མ་བསུ་བར་ངན་པའི་ལག་སོར་ཡིན་པ་ལྟ་བུ་ཡིན། དེ་བཞིན་དུ་བུད་མེད་ཡིན་ན་བག་མར་འགྲོ་སྐབས་ཀྱི་སོ་སོའི་ལོ་གྲངས་དེས་སྐར་མ་གྲེ་ཡི་ཐོག་ནས་བཟུང་སྟེ་ཡར་ལུགས་ལྡོག་ལ་ལོན་ཚད་བགྲངས་དགོས་པས། གལ་སྲིད་བག་མ་སུ་ཞིག་གནས་ལ་འགྲོ་དུས་རང་ལོ་བཅུ་བདུན་ཡིན་པར་ཆ་བཞག་ན། མོའི་ཁམ་ཡུ་སྐར་མའི་སྐོར་འགོ་གྲེ་ཐོག་ནས་ཡར་ལུགས་ལྡོག་ལ་བགྲངས་པའི་བཅུ་བདུན་པ་བྱི་བཞིན་ཡིན་ཕྱིར། ཆུང་མར་མཚོན་ན་དུས་དེའི་སྐར་མའི་ཁམ་ཡུ་ནི་བག་ལ་འགྲོ་བར་བཟང་བའི་ཕོ་བདུན་ཡིན་པ་ལྟ་བུ་ཡིན། |
Domain | རྩིས་རིག |
{{#arraymap:ཁམ་ཡུ་སྐར་མ་
|; |@@@ | | }}