3622
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་མང་སྐྱེ་བའི་སྨན་རིགས་ཀྱི་ཤིང་སྡོང་ཞིག་སྟེ། དེ་ཡི་ཤིང་ཏོག་སྙིང་དབྱིབས་ཅན་ཞིམ་ལ་མངར་ཞད་ཅན་ཞིག་ཡིན། མིང་གི་རྣམ་གྲངས་ལ་བཟའ་ཤིང་དང་། ཨ་ཤུ་ཡང་ཟེར། ཁམ་སྡོང་འདི་ལ་རིགས་མ་འདྲ་བ་རི་ཁམ་དང་། ཀླུང་ཁམ་གཉིས་ཡོད་པ་དང་། ཀླུང་ཁམ་ལ་ཡང་རྒྱ་ཁམ་དང་བོད་ཁམ་བཅས་རིགས་མི་འདྲ་བ་ཡོད། ཁམ་སྡོང་གི་ཤིང་ཏོག་ལ་ཁམ་བུ་དང་། མིང་གཞན་ལ་ཤིང་ཐོག་བཅུད་ལྡན་ཡང་ཟེར། |
{{#arraymap:ཁམ་སྡོང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རིང་ལ་སྦོམ་པའི་ཤིང་སྨན་རིགས་ཀྱི་སྡོང་པོ་ཞིག་སྟེ། མདོག་སྐྱ་ལ་འཇམ་པ་དང་རྒས་ཚེ་པགས་པ་ཁ་གས་ཤིང་ཡལ་ག་དང་ཡལ་ཕྲན་མང་བ། ལོ་མའི་མདུན་ནག་ལ་རྒྱབ་ལྗང་དཀར། དཀྱུས་རིང་ལ་ཞེང་ཅུང་ཆེ་བ་ངོས་འཇམ་པ་འོད་དང་ལྡན་པ་སྒྲོ་དབྱིབས་བང་རིམ་ཅན་ཐུར་དུ་གུག་ཅིང་། འབྲས་བུ་ཆེ་ཞིང་ཕྱི་པགས་སྔོ་ལྗང་རིལ་བ། ནང་པགས་ཤིང་རྒྱུ་ལྟ་བུ་མཁྲེགས་ཤིང་། གའུ་ཁ་འབྱར་མའི་ནང་སྙིང་སྣུམ་ཅན་ཀླད་པ་ལྟར་གནས་པ་ཞིག་སྟེ། སྨན་གྱི་ནང་དུ་ནང་སྙིང་དང་ཕྱི་པགས་སྔོན་པོ་གཉིས་དགོས་པས་བོད་ཟླ་དགུ་པའི་ནང་བཏུས་ཏེ་ཕྱི་པགས་བཤུས་ནས་བསྐམས་ཏེ་སྤྱོད་པ་དང་། ནང་སྙིང་མ་རུལ་བར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་སྙོམས་ལ་སྣུམ་པས་རླུང་ནད་སེལ་བ་དང་། གྲེ་ཚད་སོགས་ལ་ཕན། ཕྱི་པགས་ཀྱིས་སྐྲ་དཀར་ནག་པོར་འགྱུར་ཞིང་སྐྲ་བྱི་བ་སྐྱེ་བར་བྱེད་དོ། ། |
{{#arraymap:ཁམ་སྡོང་
|; |@@@ | | }}