3627

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམས་ (1)
Part of speech མིང་ཚིག
Definition གང་ཟག་གི་ལུས་སེམས་དབང་པོ་རྣམས་ཀྱི་ནུས་སྟོབས་ཀྱི་མིང་སྟེ།
Example ལུས་ཁམས་བཟང་ཞིང་སེམས་ཁམས་སྐྱིད་དུས་བྱ་བ་ལ་བརྩོན་ན་འགྲུབ་ལྟ་བུ།

{{#arraymap:ཁམས་

|; |@@@ | | }}

ཁམས་ (2)
Part of speech མིང་ཚིག
Definition སེམས་ཅན་ཀྱི་ལུས་ནས་བྱུང་བའི་རིགས་རྒྱུད་སྤེལ་བའི་ས་བོན་གྱི་མིང་སྟེ།
Example ཁམས་དཀར་དམར་ལ་སྐྱོན་མེད་ན་ཕྲུ་གུ་སྐྱེ་ངེས་ལྟ་བུ།

{{#arraymap:ཁམས་

|; |@@@ | | }}

ཁམས་ (3)
Part of speech མིང་ཚིག
Definition རྫ་མ་དང་དཀར་ཡོལ་བཟོ་བྱེད་ཀྱི་རྫ་འདམ་མམ་ས་ཞིག་གི་མིང་།

{{#arraymap:ཁམས་

|; |@@@ | | }}

ཁམས་ (4)
Part of speech མིང་ཚིག
Definition གླིང་དང་གླིང་ཕྲན་ས་གཞི་ཆེན་པོ་སོགས་ཀྱི་མིང་།

{{#arraymap:ཁམས་

|; |@@@ | | }}

ཁམས་ (5)
Part of speech མིང་ཚིག
Definition མདོ་དབུས་ཁམས་གསུམ་གྱི་ནང་ཚན་ཁམས་ཕྱོགས་ལ་ཡང་ཁམས་ཞེས་འབྲི།

{{#arraymap:ཁམས་

|; |@@@ | | }}

ཁམས་ (6)
Part of speech མིང་ཚིག
Definition ས་ཡི་མཐའ་ལ་ཡང་ཁམས་ཞེས་འབྲི་སྟེ།
Example ཁམས་ཀྱི་རྒྱལ་ཕྲན་ལྟ་བུ།

{{#arraymap:ཁམས་

|; |@@@ | | }}

ཁམས་ (7)
Part of speech མིང་ཚིག
Definition བཅོ་བརྒྱད་དེ། གཟུགས་སོགས་ཁམས་བཅོ་བརྒྱད་ཡོད་པས་སོ། །
Type མངོན་བརྗོད།

{{#arraymap:ཁམས་

|; |@@@ | | }}

ཁམས་ (8)
Part of speech མིང་ཚིག
Definition མདོ། མངོན་པ། རིགས་ཀྱི་དོན་གྱིས་ཁམས་སུ་བཞག་པ་རྣམས་ཡིན་ཏེ། རིགས་མང་པོ་དག་ཡོད་པ་ལ་ཁམས་ཞེས་བརྗོད་པས་སོ། །གཟུགས་དང་རྣམ་ཤེས་ལ་རིལ་པོར་འཛིན་པའི་རྨོངས་པ་བཟློག་པའི་ཕྱིར། དབྱེ་ན་ཁམས་བཅོ་བརྒྱད་ཕྱེའོ། །
Domain ཆོས་ལུགས།

{{#arraymap:ཁམས་

|; |@@@ | | }}

ཁམས་ (9)
Part of speech མིང་ཚིག
Definition ཁམས་གསུམ་གྱི་སྐབས་ནས་བཤད་པའི་ཁམས་ནི། མཛོད་རང་འགྲེལ་ལས། ཡང་ཅིའི་ཕྱིར་འདི་དག་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་རྣམས་ཞེས་བྱ་ཞེ་ན། རང་གི་མཚན་ཉིད་འཛིན་པའི་ཕྱིར་ན་ཁམས་སོ། །ཞེས་དང་། གང་གིས་ན། དེ་དག་ཁམས་དག་ཏུ་ཞེས་བྱ་བ་ཅི་འགྲོ་བ་ལས་མ་གཏོགས་པའི་ཁམས་དག་ཅིག་ཡོད་དམ་ཞེ་ན། ཡོད་དེ་ཁམས་རྣམས་ནི་དགེ་བ་དང་། ཉོན་མོངས་པ་ཅན་དང་། སྣོད་དང་སྲིད་པ་བར་མ་པའི་རང་བཞིན་དག་ཀྱང་ཡིན་གྱི། འགྲོ་བ་ལྔ་པོ་གང་དག་ཡིན་པ། ཞེས་སོ། །

{{#arraymap:ཁམས་

|; |@@@ | | }}

ཁམས་ (10)
Part of speech མིང་ཚིག
Definition ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་ནི། ཁམས་ཀྱི་དོན་ནི་རིགས་ཏེ་འབྱུང་གནས་སོ། །འདུས་མ་བྱས་ཀྱང་དམིགས་པའི་སྒོ་ནས་སེམས་དང་སེམས་བྱུང་གི་འབྱུང་གནས་ཡིན་པས་ཁམས་སུ་འཐད་དོ། །རིགས་ཀྱི་དོན་རང་བཞིན་ལ་འདོད་ན། ཁམས་བཅོ་བརྒྱད་པོ་ཐམས་ཅད་ཀྱང་རང་རང་གི་མཚན་ཉིད་འཛིན་པས་ཁམས་སོ། །ཡང་ན་འདུས་བྱས་རྣམས་ནི་རང་རང་གི་རིགས་འདྲ་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་པ་དང། རང་རང་གི་མཚན་ཉིད་འཛིན་པས་ཁམས་སོ། །འདུས་མ་བྱས་རྣམས་ནི་རང་གི་མཚན་ཉིད་འཛིན་པའི་སྒོ་ནས་སོ་ཞེས་གསུངས་སོ། ། ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་ནི། ཁམས་ཀྱི་ངོ་བོ་ནི་ཉེར་སྤྱོད་འཛིན་པའོ། །དེ་ལ་ཉེར་སྤྱོད་ནི་ཡུལ་ལ་ཉེ་བར་ལོངས་སུ་སྤྱོད་པ་ན་རྣམ་པར་ཤེས་པ་ཡིན་ལ། དེ་ཉིད་གནས་དང་། དམིགས་པ་དང། རང་གི་ངོ་བོ་གསུམ་པོ་གང་ཡང་རུང་བའི་སྒོ་ནས་འཛིན་པས་སོ། །དབྱེ་ན་བཅོ་བརྒྱད་དེ། མིག ། རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་ཁམས་ཏེ་རྟེན་དབང་པོའི་ཁམས་དྲུག གཟུགས། སྒྲ། དྲི། རོ། རེག་བྱ། ཆོས་ཀྱི་ཁམས་ཏེ་དམིགས་པ་ཡུལ་གྱི་ཁམས་དྲུག མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་འབྲས་བུ་རྣམ་པར་ཤེས་པའི་ཁམས་དྲུག་གོ་ཞེེེེས་གསུངས། མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ལས་ནི། རིགས་ཀྱི་དོན་ནི་ཁམས་རྣམས་ཀྱི་མཚན་ཉིད་ཡིན་ཏེ། དེ་ཡང་རྒྱུའི་དོན་དང། རང་བཞིན་གྱི་དོན་གཉིས་ལ་འཇུག་སྟེ། དཔེར་ན་ཉན་རང་གི་རིགས་ལ་སོགས་པ་ལྟ་བུ་དང་། རྒྱལ་པོ་དང་བྲམ་ཟེའི་རིགས་ལ་སོགས་པ་ལྟ་བུའོ། །འདིར་ནི་གཉིས་ཀ་ལྟར་ཡང་རིགས་ཡིན་ཏེ། དེ་དག་རང་རང་གི་སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་དང། རང་བཞིན་མི་འདྲ་བ་བཅོ་བརྒྱད་ཡོད་པའི་ཕྱིར་རོ་ཞེས་སོ། །

{{#arraymap:ཁམས་

|; |@@@ | | }}