3632
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྨེ་བའི་ཀེག་ཕྲན་བཞིའི་ཡ་གྱལ་ཞིག་སྟེ། བརྩི་བྱ་དག་གི་བབས་སྨེ་སོ་སོའི་སྐྱེས་སྨེ་ཡི་ཁམས་ཀྱི་དགྲ་ཁམས་ཡིན་པའི་སྨེ་སྟེང་དུ་འབབ་པའི་སྨེ་ཀེག་ལ་ཟེར་བ་ཡིན། ཀེག་དུས་དེར་བབས་སྨེ་གང་དུ་བབས་པའི་ཕྱོགས་དེ་བསྲུང་བ་དང་། ངར་གླུད་ལོ་གྲངས་དེ་ཕྱོགས་སུ་བསྐྱལ་དགོས། དཔེར་ན་སྨེ་ཕྲེང་དང་པོའི་ས་སྟག་ལོར་སྐྱེས་པའི་བརྩི་བྱ་དག་རང་ལོ་དགུར་སོན་དུས་ལ་ཆ་བཞག་ན། ལོ་དེར་འབབ་པའི་སྨེ་བ་བཞི་ལྗང་ཡིན་པས། བབས་སྨེ་བཞི་ལྗང་གི་ཁམས་ཤིང་དེ་སྐྱེས་སྨེ་ལྔ་སེར་གྱི་ཁམས་སའི་དགྲ་ཡིན་པ་ལྟ་བུ་ཡིན། གཞན་ཡང་བབས་སྨེ་དང་སྐྱེས་སྨེ་གཉིས་ཀྱི་ཁམས་མེ་མེ་དང་། ལྕགས་ལྕགས་ལ་ཕྲད་པའི་ནང་ཕྲད་ཡིན་ཡང་གོང་ལྟར་རྩུབ་པར་མངོན། |
| Domain | རྩིས་རིག |