3634

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམས་ཀྱི་རི་བོ་བཀྲ་བཟང་ (1)
Part of speech མིང་ཚིག
Definition ཁམས་ཀྱི་རི་བོ་བཀྲ་བཟང་ནི། དེ་ཡང་ལུང་བསྟན་ཉི་ཟླ་ཁ་སྦྱར་ལསཿ ཀཿཐོག་ལྷོ་ཕྱོགས་བཙན་རིའི་ཉེ་འདབས་སུཿ ཞེས་སོགས་ལུང་བསྟན་དང་མཐུན་པ་ཀཿཐོག་རྡོ་རྗེ་གདན་གྱི་ལྷོ་ཕྱོགས། སྤོ་འབོར་སྒང་གི་ཆ་ཤས། གསེར་ལྡན་འབྲི་ཆུ་དང་ཉེ་བར་འཕགས་མ་དམ་ཚིག་སྒྲོལ་མའི་སྐུ་བརྙན་བྲག་ལ་རང་བྱོན་དུ་ཤར་བ་ལས་ཆུ་རྒྱུན་སྔོན་པོ་འབབ་པས་མིང་སྒ་རྗེ་ལྗང་ཆུ་གཤིས་ཞེས་ཡོངས་སུ་གྲགས་པ། དེའི་ནུབ་བྱང་མཚམས་ཀྱི་བྲག་རིའི་ངོས་སུ་མཁའ་ལྡིང་གི་གཟུགས་བརྙན་ཤིན་ཏུ་གསལ་བར་རི་བོ་བྱ་ཁྱུང་དུ་གྲགས་པ་དེའི་ཉེ་བར་བྲག་དུང་དཀར་འཁྱིལ་བ་འདྲ་བར་རྣལ་འབྱོར་པ་དུ་མའི་སྒྲུབ་གནས། དུང་དཀར་རི་ཁྲོད་ཅེས་ཀཿཐོག་པ་ཚེ་དབང་ནོར་བུ་སྐུ་བལྟམས་སའི་གནས་དང་། པདྨ་བདེ་ཆེན་གླིང་པ་སོགས་སྔོན་གྱི་དམ་པ་རྣམས་ཀྱི་གཏེར་གནས་ཡིན་ནོ། །གཞན་ཡང་ཤར་ན་རིགས་གསུམ་མགོན་པོའི་གནས་ངམ་ཐོ་ལྷ་རི་དེའུ་དཀར་དང་། ནུབ་སྐུ་ལྷ་ངར་སེང་། དབུས་སུ་སྤྱི་ཤོག་དཀར་མོ་གནས་ཞེས་རྡོ་རྗེ་ཕུར་པའི་གནས་སོགས་ཡུལ་ལྷ་དང་གཞི་བདག་གནས་དང་གནས་ཕྲན་མང་དུ་ཡོད་དོ། །ཚེ་དབང་ནོར་བུའི་གསུང་རི་ཐང་མཚམས་ཀྱི་སྨན་མཆོག་ལས་བཏུས་པའོ། །