3636

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམས་ཀྱི་སྙན་འགྲེལ་ཆེན་མོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་ཕྱི་ལོ་ ༡༧༧༠ ལོར་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི་སྙན་ངག་མེ་ལོང་མའི་འགྲེལ་པ་ལེའུ་གསུམ་གྱི་བདག་ཉིད་ཅན། དབྱངས་ཅན་ངག་གི་རོལ་མཚོ་ལེགས་བཤད་ནོར་བུའི་འབྱུང་ཁུངས་ཞེས་བྱ་བའི་བསྡུས་མིང་ཡིན་ལ། དབུས་གཙང་ཁམས་གསུམ་དུ་སྙན་འགྲེལ་ཆེན་མོ་ཞེས་མཁས་དབང་ཕལ་ཆེ་བས་བསྔགས་བརྗོད་ཀྱི་མཚན་སྙན་ཡོངས་སུ་ཁྱབ་པ་ཞིག་ཡིན།