3637

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམས་གཉིས་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་ལག་བཟང་གིས་ཞུས་པའི་མདོ་ལས་བྱུང་བ་སྟེ། འདུས་བྱས་ཀྱི་ཁམས་ནི། གང་ཅི་ཡང་རུང་སྟེ། སྐྱེ་བ་དང་། གནས་པ་དང་། འགག་པ་འདི་ནི་འདུས་བྱས་ཀྱི་ཁམས་ཞེས་བྱའོ། །འདུས་མ་བྱས་ཀྱི་ཁམས་ནི། གང་ཅི་ཡང་རུང་སྟེ། སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགག་པ་མེད་པ་འདི་ནི་འདུས་མ་བྱས་ཀྱི་ཁམས་ཞེས་བྱའོ། །
Domain ཆོས་ལུགས།
ཁམས་གཉིས་ (2)
Part of speech མིང་ཚིག
Definition ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཀྱི་རྗེས་སུ་འབྲང་བའི་མཛོད་གནས་དང་པོ་ལས་བྱུང་བ་སྟེ། ཟག་པ་དང་བཅས་པའི་ཁམས། དེ་ཁམས་བཅོ་བརྒྱད་དུ་འདུའོ། །ཟག་པ་མེད་པའི་ཁམས། དེ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་འདུའོ། །
ཁམས་གཉིས་ (3)
Part of speech མིང་ཚིག
Definition ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བའི་མཛོད་གནས་དང་པོ་ལས་བྱུང་བ་སྟེ། འདུས་བྱས་ཀྱི་ཁམས། འདུས་མ་བྱས་ཀྱི་ཁམས་སོ། །
ཁམས་གཉིས་ (4)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ནང་གི་ཁམས་ནི། ལྷག་དང་བཅས་པ་བཅུ་གཉིས་ཏེ། དབང་པོ་དྲུག་གི་ཁམས་དང་། རྣམ་ཤེས་དྲུག་གི་ཁམས་དང་། ཆོས་ཀྱི་ཁམས་ཀྱི་ཆ་འགའ་ཞིག་གོ ། ཕྱི་རོལ་གྱི་ཁམས་ནི། གཟུགས་སྒྲ་དྲི་རོ་རེག་བྱའི་ཁམས་དང་། ཆོས་ཀྱི་ཁམས་ཀྱི་ཆ་འགའོ། །
ཁམས་གཉིས་ (5)
Part of speech མིང་ཚིག
Definition དམིགས་པ་དང་བཅས་པ་ནི། སེམས་ཀྱི་ཁམས་བདུན་ནོ། །དམིགས་པ་མེད་པ་ནི་ལྷག་མ་བཅུ་གཅིག་གོ །