36423

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པྲི་ཡང་ཀུ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཁམ་ནག་ཆུང་ཞིང་ཨ་ར་འདྲ་བའི་རྩ་ཕྲན་ཕྲ་ལ་རིང་བ་མང་པོ་ཡོད། སྡོང་པོ་གྲུ་བཞི་ཕྲ་ལ་ལྡེམ་པ་མདོག་ལྗང་ཞིང་རྒས་དུས་ཁ་དོག་སྨུག་པོར་གྱུར་པ་ཡལ་ག་མེད་ཅིང་རྐང་ལྔ་དྲུག་ཙམ་མཉམ་དུ་སྐྱེ་བ་དང༌། ལོ་མ་ལྗང་སེར་རྒྱབ་ཅུང་ཟད་སྐྱ་བ་སྒྲོ་དབྱིབས་ཡིན་ལ་རེ་རེའི་དབྱིབས་སྐུད་པ་འདྲ་བ་ཁ་སྤྲོད་བྱས་ནས་སྐྱེ་བ། མེ་ཏོག་སྔོ་ལ་མདངས་དང་ལྡན་པ་མཆུ་དབྱིབས་ཅན་སྨད་ཆ་སྦུབས་སྟོང་ཡིན་པ་རྣམས་སྡོང་པོའི་རྩེར་བང་རིམ་ཁ་གཅིག་ཏུ་ཕྱོགས་ཏེ་ཤར་བ་ཡིན་ཏེ། བོད་ཀྱི་ས་གནས་ཕལ་ཆེ་བའི་ཁ་བྱང་བལྟས་ཀྱི་རི་ལྡེབས་སུ་སྐྱེ་བ། པྲི་ཡང་ཀུ་དུས་བཏུས་ཞེས་པ་བོད་ཟླ་བཞི་པ་ཙམ་ལ་ཁ་འབུས་དུས་བྱ་མ་གྲགས་པའི་གོང་དུ་བཏུ་བ་དང༌། དེ་མིན་བོད་ཟླ་བདུན་པའི་ནང་ལོ་སྡོང་མེ་འབྲས་ལྷན་ཅིག་བཏུས་ཏེ། གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ནས་བསིལ་སར་བསྐམས་ཐོག་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་ཕོ་ཚད་དང༌། མཆིན་ཚད་རྒྱས་པ། སྨུག་པོའི་ནད། ཚ་བས་ཆུ་བསགས་པ་སོགས་ལ་ཕན་པ་ཡིན།