36436

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པྲེ་ཏ་པུ་རི་དགོན་ (1)
Part of speech མིང་ཚིག
Definition དགོན་གནས་འདི་ནི་དབུས་སྟོད་མངའ་རིས། སྒར་རྫོང་། མོན་འཚེར་གྲོང་ཚོ་ནས་ཐག་ཉེ་བའི་ས་ཆར་ཆགས་ཡོད། ས་དེ་གནས་རི་ཡང་རྩ་ཆེན་ཡིན་འདུག་པས། འདི་ཉིད་རྡོ་བྲག་དགོན་གྱི་སྒོམ་ཆེན་བསོད་ནམས་བཟང་པོས་ཕྱག་བཏབ་ཀྱང། སྒྲུབ་པ་ཉམས་ལེན་མཛད་མཁན་ཕལ་ཆེ་བ་འབྲུག་པ་བཀའ་བརྒྱུད་ཀྱི་བླ་གྲྭ་ཡིན་པ་མ་ཟད། འབྲུག་བདེ་ཆོས་དགོན་གྱིས་ཕྱིས་སུ་བདག་སྐྱོང་མཛད་ནས་ལ་དྭགས་སྟག་ཚང་རས་པར་གནང་། སྟག་ཚང་རིན་པོ་ཆེས་ཀྱང་། ལ་དྭགས་ཁུལ་དུ་ཡོད་པའི་འབྲུག་ལུགས་ཉམས་ལེན་པ་རྣམས་བཞུགས་སུ་བཅུག་པ་དང་། གཞན་ཡང་བླ་མ་ཡོན་ཏན་ཡེ་ཤེས་དང་། རྗེ་བཙུན་བསོད་ནམས་འབྲུག་རྒྱས་སོགས་དགོན་འདིར་བཞུགས་གནང་འདུག། བར་སྐབས་ཤིག་ལ། དགོན་འདི་དང་། གླང་སྣ་དགོན། ལ་དྭགས་དགོན་བཅས། གླང་སྣ་དགོན་གྱི་བྷ་ར་སྤྲུལ་སྐུ་མཆོག་ནས་བདག་སྐྱོངས་མཛད་དགོས་པའི་བཀའ་ཕེབས། འདི་ཁུལ་དུ་བུ་གསུམ་ནས་གཅིག་གྲྭ་ཁྲལ་དགོས་པའི་ལུགས་སྲོལ་དར། དེ་དུས་གྲྭ་བཙུན་ཉི་ཤུ་རྩ་གྲངས་འདུས་པ་དང་། གནམ་ལྕགས་ཀྱི་གཏེར་ཕུར་སོགས་ནང་རྟེན་རྩ་ཆེན་མང་། ཕྱི་ལོ་ ༡༩༤༡ ལོའི་བོད་ཟླ་ ༨ པའི་ནང་ཤིན་ཅང་ཁོངས་གཏོགས་ཀྱི་ཧ་སག་ཅེས་པས་གཏོར་བརླགས་ཀྱིས་དགོན་འདི་རྩ་མེད་དུ་སོང་། གྲྭ་རྒན་ཁ་ཤས་ཀྱིས་ཧི་མའི་དགོན་པར་སླར་གསོ་དགོས་པའི་རེ་འདུན་ཞུས་ཀྱང་ཞལ་བཞེས་མ་བྱུང་བར་ལུས། ཤིང་སྤྲེལ་ ༡༩༤༤ བོད་ཟླ་བཞི་པའི་ནང་། རྙིང་མ་གཏེར་གསར་གྱི་ལུགས་འཛིན་པ། པི་ཏི་བླ་མ་ཡེ་ཤེས་དཔལ་ལྡན་རྡོ་རྗེ་ནས། ཉམས་གསོའི་སོ་ཕག་དང་། ཤིང་སོགས་མཐུན་རྐྱེན་གྲ་སྒྲིག་མཛད་སྐབས། བོད་གཞུང་བཀའ་ཤག་རྒྱལ་རྩེ་གྲོང་དུ། ཁྲོ་བོ་དགའ་བོ་ཞེས་པའི་ལས་དྲུང་སྐྱ་སེར་གཉིས་ཁུལ་དུ་ཕེབས་པ་དང་འཁེལ་བས། སྤུ་ཧྲེང་ཤོད་འཕེལ་གླིང་ནས་འཛིན་སྐྱོང་དགོས་པའི་བཀའ་བཀོད་ལྟར། འཕེལ་གླིང་དགོན་པའི་བླ་མ་དཀོན་མཆོག་ལགས་དབུ་འཛིན་དུ་ཕེབས། ཁོང་ཕལ་ཆེ་བ་སྐུ་མཚམས་སུ་བཞུགས་པས་ཆོས་ལུགས་སྒྱུར་བ་སོགས་མ་མཛད་པར་ཆོས་རྒྱུད་འབྲུག་པ་བཀའ་བརྒྱུད་རང་གར་བཞག། དགེ་འདུན་རྣམས་དང་ཐུགས་མཐུན་ཁྲིམས་གཙང་ངང་བཞུགས། ཁོང་གི་རེས་རྫོགས་མཚམས། བླ་ཚབ་གཞན་ཞིག་གིས་དགེ་ལུགས་པར་བསྒྱུར་དགོས་ཚུལ་དང་། སྒྲིག་ཀྱང་དམ་དུ་བཏང་བ་སོགས་ཀྱི་རྐྱེན་པས། འཁྲུག་རྩོད་ཆེན་པོ་བྱུང། གྲྭ་བཙུན་ཚང་མ་རང་ཁྱིམ་དུ་ལོག་ནས་བླ་ཚབ་གཅིག་པུར་ལུས། རྗེས་སུ་བཀའ་ཤག་དང་གྲོས་མཐུན་འོག དགོན་འདི་ཉིད་འབྲུག་པ་བཀའ་བརྒྱུད་ལས་བསྒྱུར་མི་ཆོག་པ་དང་། གྲྭ་བཙུན་བཅུ་དྲུག་ནས་མ་ཆག་པར་དགོས་པའི་བཅའ་ཁྲིམས་བཟོས། སླར་ཡང་ཕྱི་ལོ་ ༡༩༦༦ ལོར་རྒྱ་དམར་གྱི་དུས་རྐྱེན་འོག་ཡོད་ཚད་གཏོར་བཤིག་བཏང་། སླར་ཡང་ ༡༩༩༡ ལོ་ནས་ཉམས་གསོ་ཞུ་ནས་དེང་སྐབས་གྲྭ་བཙུན་བརྒྱད་ཙམ་འདུས་ཏེ་འབྲུག་པ་བཀའ་བརྒྱུད་ཀྱི་ལུགས་ལྟར་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བཞིན་པ་བཅས་སོ། །

{{#arraymap:པྲེ་ཏ་པུ་རི་དགོན་

|; |@@@ | | }}