3645
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྤྱན་རས་གཟིགས་ཀྱི་བྱེ་བྲག་ཅིག་སྟེ། ཁམས་གསུམ་དབང་དུ་བྱེད་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་ཞགས་པ་འཛིན་པ་དང༌། ཕྱག་གཡོན་པས་ལྕགས་ཀྱུ་འཛིན་པ། སྤྱན་གསུམ་དང་ལྡན་ཞིང༌། རལ་པའི་ཅོད་པན་ཅན། དར་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ་དང༌། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཞིག་ཡིན། དབང་གི་ཕྲིན་ལས་སྒྲུབ་པ་ལ་ལྷ་འདི་མཆོག་ཏུ་བསྔགས། གཏེར་མའི་སྒྲུབ་ཐབས་རྣམས་ན་ལྷ་འདིའི་སྒྲུབ་སྐོར་མང་པོ་སྣང་། |