From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕ་ (1)
| Part of speech
|
མིང་ཚིག
|
| Definition
|
བོད་ཡིག་གསལ་བྱེད་བཅུ་བཞི་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་མཆུ་དང༌། བྱེད་པ་མཆུ་སྦྱར་ཞིང་བཙུམ་པ། སྒྲ་འབྱིན་ཚུལ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མ་ནིང་གི་ཡི་གེ་ཞིག
|
ཕ་ (2)
| Part of speech
|
མིང་ཚིག
|
| Definition
|
རང་ཉིད་སྐྱེད་བྱེད་ཀྱི་ཕ་དང་མ་གཉིས་ཀྱི་ནང་གི་ཕ།
|
| Keyword
|
True
|
| Example
|
ཁྱེད་རང་ཕ་མ་གཉིས་ལས་དགའ་ཤོས་སུ་ཡིན་ལྟ་བུ།
|
ཕ་ (3)
| Part of speech
|
མིང་ཚིག
|
| Definition
|
ནང་པའི་ཆོས་ལུགས་ཀྱི་ཐབས་ཀྱི་ཕྱོགས།
|
| Example
|
ཐབས་ཤེས་གཉིས་ལས་ཕས་ཐབས་དང་མས་ཤེས་རབ་མཚོན་པ་ཡིན་ལྟ་བུ།
|
| Domain
|
ཆོས་ལུགས།
|
ཕ་ (1)
| Part of speech
|
གྲོགས་ཚིག
|
| Definition
|
རང་ཉིད་རི་དང་ཆུ་སོགས་གནས་སའི་མིང་གི་སྔོན་ལ་སྦྱར་ཚེ་ཕྱོགས་སྟོན་བྱེད་དུ་འཇུག་སྟེ།
|
| Example
|
གཙང་བོའི་ཕ་རི་ཚུ་རི། ཕ་རོལ་གྱི་ནགས་ཚལ་ལྟ་བུ།
|