36546
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་ལུགས། མདོ། འདུལ་བ། དགེ་སློང་གིས་ཉི་མ་གཅིག་ལ་ཕ་གུའམ་ས་ཕག་རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། གཙུག་ལག་ཁང་བརྩིགས་པ་ན་ཉིན་ཞག་གཅིག་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པའམ་མ་ལྷག་ཀྱང་ཉི་མ་གཞན་ལ་འཇིམ་པ་སོགས་མེད་པར་བརྩིགས་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། ཡུལ་ཀོ་ཤམྦྷིར་དྲུག་སྡེས་ཉི་མ་གཅིག་ལ་གཙུག་ལག་ཁང་སུམ་བརྩེགས་བརྩིགས་ཟིན་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཙུག་ལག་ཁང་འཇིག་པར་འགྱུར་ཞིང་དོན་དང་བྱ་བ་མང་བའོ། །ཞེས་གསུངས། |