3655
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། དེ་དག་ནི། འདོད་པའི་དགེ་སེམས་དང་། མི་དགེ་བའི་སེམས། བསྒྲིབས་ལུང་མ་བསྟན་པའི་སེམས། མ་བསྒྲིབས་ལུང་མ་བསྟན་པའི་སེམས་བཞི་དང་། དེ་བཞིན་དུ་གཟུགས་གཟུགས་མེད་གཉིས་ལ་མི་དགེ་བའི་སེམས་ལས་གཞན་པ་གསུམ་གསུམ་སྟེ་དྲུག སློབ་སེམས་དང་མི་སློབ་པའི་སེམས་དང་བཅས་པ་བཅུ་གཉིས་ལ་ཟེར་རོ། །དེ་ཡང་མཛོད་འགྲེལ་མངོན་པའི་རྒྱན་ལས། འདོད་པའི་ཁམས་ཀྱི་ཡིད་དེ་སེམས་སེམས་བྱུང་དང་བཅས་པ་ནི་དགེ་བ་དང་མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ་བཞི་ཡིན་ནོ། །གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་དག་ན་ནི་མི་དགེ་བའི་སེམས་ལས་གཞན་གསུམ་གསུམ་ཡོད་དོ། །ཟག་མེད་ལ་ནི་སློབ་པ་དང་མི་སློབ་པ་གཉིས་ཡོད་དོ། །དེ་ལྟར་ན་འཁོར་འདས་ཀྱི་སེམས་ཐམས་ཅད་རྣམ་པ་བཅུ་གཉིས་སུ་འདུས་སོ་ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |