36551
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བཀའ་གདམས་པའི་ཕ་ཆོས་དང༌། བུ་ཆོས་ཞེས་པའི་གཞུང་གཉིས་ཀྱི་བསྡུས་མིང༌སྟེ། ཕ་ཆོས་ནི། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་དྲི་བ་ཞུས་ཏེ། ཇོ་བོ་རྗེ་ཨ་ཏི་ཤས་དྲིས་ལན་གསུངས་པའི་ཞལ་གདམས་དང་། ཇོ་བོའི་སྐུ་ཚེའི་རྣམ་ཐར་དང་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བླ་བརྒྱུད་རྣམ་ཐར་བཅས་གཙོ་བོར་སྟོན་པའི་གླེབས་བམ་ཞིག བུ་ཆོས་ནི། ཇོ་བོ་རྗེ་དང་འབྲོམ་སྟོན་པ་གཉིས་ཀའི་སློབ་མར་གྱུར་པ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཞུས་ཏེ། ཇོ་བོ་རྗེ་ཨ་ཏི་ཤས་གསུངས་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་རྣམ་ཐར་དང༌། མཇུག་ཏུ་ཇོ་བོ་སྐུ་གཤེགས་ནས་འབྲོམ་ལ་བཀའ་གདམས་ཀྱི་བསྟན་པ་གཏད་ཚུལ་སྟོན་པའི་གླེགས་བམ་ཞིག |