36564

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་བཞིས་ཞབས་དྲུང་བློ་བཟང་དགེ་ལེགས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་ཕྱི་ལོ ༡༨༧༠ ལོར་སྟོང་འཁོར་ཆ་གན་འོ་སུ་ཞེས་པའི་སྡེ་བར་ཡབ་དབང་ཕྱུག་ཚེ་རིང་གི་སྲས་སུ་འཁྲུངས། དགུང་ལོ་བདུན་པ་རྒྱུད་པ་མཁན་པོ་ཨོར་ཏུ་སུ་ཞབས་དྲུང་ངག་དབང་མཁས་གྲུབ་ཉི་མའི་མདུན་ནས་བར་མ་རབ་བྱུང་བསྒྲུབས། བཅོ་བརྒྱད་པར་སྐུ་འབུམ་དགོན་དུ་ཕེབས། མཚན་སྒྲོག་དགེ་འདུན་བསྟན་པའི་ཉི་མ་ལས་དགེ་ཚུལ་བསྒྲུབས། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། རྣམ་འགྲེལ་དང་། ཕར་ཕྱིན་ལ་སྦྱངས། བསྡུས་གྲྭའི་དམ་བཅའ་བཞག ཉི་ཤུ་པར་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ནས་ཚིགས་ཕྱི་མའི་སྡོམ་པ་བཞེས། ཉེར་གསུམ་པ་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། སྔགས་གཞུང་ལ་ཐོས་བསམ་གནང་། ཉེར་བཞི་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་ཕྱི་ལོ ༡༨༩༣ ལོར་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། སུམ་ཅུ་པར་དབུས་སུ་ཕེབས། རྒྱལ་བ་ཡབ་སྲས་དང་། ཇོ་ཤཱཀ་རྣམ་གཉིས་སོགས་མཇལ་ཕྱག་སྨོན་འདུན་ཞུས། མཆོད་བཀུར་རྒྱ་ཆེར་ཡང་མཛད། སྐུ་འབུམ་དུ་ཕྱིར་ཕེབས། སོ་གསུམ་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ཕྱི་ལོ ༡༩༠༢ ལོར་རྒྱུད་པའི་མཁན་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་གནང་། འདས་ལོ་མི་གསལ། སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་སོ་དྲུག་པ་དང་། རྒྱུད་པ་མཁན་པའི་རབས་དོན་ལྔ་པ་ཡིན།